[122B]༄༅། །སུ་པའི་མཐའ་རིན་ཆེན་འབྱུང་གནས་ཞེས་བྱ་བ་བཞུགས། ། །རྒྱ་གར་སྐད་དུ། སུ་པདྨཱ་ཀ་ར་ནཱ་མ། བོད་སྐད་དུ། སུ་པའི་མཐའ་རིན་ཆེན་འབྱུང་གནས་ཞེས་བྱ་བ། རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །གང་ཞིག་འཕྲོག་བྱེད་ ཀྱིས་ནི་རང་གི་ཁོང་པར་གཟུད་ཆེད་ཆུ་ཡི་གཏེར་དུ་གནས་པ་ལས། །ལྷ་ཡི་དབང་པོས་རབ་ཏུ་རྟོགས་ནས་ཁྲོ་བས་གང་ཞིག་རི་བོ་ལ་ནི་འཕེན་པ་ན། །ཆུ་སྐྱེས་ཅན་གྱི་འཇིགས་པ་ལས་ནི་བཟློག་ལ་དམག་ཚོགས་མཚོན་ཆས་སྒྲིབ་པར་བྱེད་པ་བཞིན། །ཤཱཀྱ་ཐུབ་པ་ཁྱོད་ ཞབས་བདུད་ཀྱི་དཔའ་བོས་དྲན་པས་བྱང་ཆུབ་ལ་འདི་སྐྱོང་གྱུར་ཅིག་མཁས་པའི་ཚོགས་ཀྱིས་ལེགས་པར་བསྒྲིགས་རྣམས་ཡོད་པ་ཁོ་ན་སྟེ། །འོན་ཀྱང་དེ་རྣམས་རྒྱས་པས་བློ་ཞན་རྣམས་ཀྱིས་རྟོགས་མིན་པས། །དེ་ཕྱིར་དེ་རྣམས་སྙིང་པོའི་ཆ་འདིར་ཉེ་བར་ བཟུང་ནས་བསྡུས་པ་འདི། །དྲན་པར་བྱེད་པ་ཙམ་གྱི་འབྲས་བུའི་ཐབས་ཀྱི་ཆེད་དུ་བྱས། །ལྕེ་གཉིས་པ་ལས་ཆུང་ངུའི་ཚིག་ཀྱང་ནི། །ཅི་ནས་ཚིག་ལ་འཇིགས་པར་འགྱུར་བ་ཉིད། །དམ་པའི་རིག་པ་གཅིག་གནས་བསོད་ནམས་ཀྱིས། །བདག་ གཞན་ཚིག་གིས་རྣམ་པར་མཛེས་གྱུར་ཅིག་གྲགས་པའི་སྒྲ་རྣམས་རྟོགས་བྱས་ཏེ། །སྐྱེས་པ་མ་ནིང་བུད་མེད་ལའང། །ཡོན་ཏན་བྱ་བ་རྫས་སྦྱོར་ལས། །རྟགས་གསུམ་ཅན་རྣམས་ད་མཐར་རོ། །བི་པྲ་དང་ཨགྣི་དང་ས། གི་དང་པ་ཏི་དང། ཨཾ་ཤུ་ [123A]༄༅། །དང་ཀྲོཥྜི་དང་པྲ་ཏི་བཧུ་རྣམས་དང་པྲི་ཏྭི་[?]དང་ནྲྀ་དང་པྲ་ཤསྟྲཾ་རྣམས་དང། རཻ་དང་གོ་དག་སྟེ་ཨ་ཙའི་མཐའ་ཅན་རྣམས་སྐྱེས་པ་ལ་རབ་ཏུ་བསྒྲགས་སོ། །དེ་ལ་དང་པོར་རེ་ཞིག་བི་པྲའི་སྒྲ་ལས། མིར་ཨཙུའི་མཐའ་ལས་ཕ་རོལ་ལའོ། །ཁྱེད་ལ་ དབུས་མ་གསུམ་མོ་ཞེས་པས་དེ་དག་ལས་ཕ་རོལ་གསུམ་ཞེས་བཏང་ནས། གཅིག་གཉིས་མང་པོ་རྣམས་ལའོ་ཞེས་པ་དང། རྗེས་སུ་འཇུག་པ་ན་སུ་ལ་སོགས་པ་སྟེ། མདོ་རྣམ་པ་གསུམ་པོ་དེ་ས་དག་གཅིག་དང་བཅས་པའོ། །དོན་ཙམ་ལ་དང་པོའོ་ ཞེས་པས་རྣམ་དབྱེ་དང་པོར་འགྱུར་རོ། །དེ་ལ་གཅིག་གི་དོན་ལ་གཅིག་ཚིག་སུའོ། །ཨུ་ཡིག་ནི། སུའིོ་ཞེས་པས་རྟགས་ཀྱི་དོན་ཏོ། །ཐམས་ཅད་དུ་རྟགས་ནི་ཡན་ལག་མ་ཡིན་པའི་རྟགས་ཨིཏའོ་ཞེས་པས་དབྱིའོ། །བརྩེགས་པའི་ཚིག་གོ་ཞེས་ པ་འདི་ལས། ཚིག་གི་ཞེས་སྤྱིར་བཏང་ནས་ཚིག་མཐར་པ་ཡིག་གི། པ་ས་ཛུ་ཥའི་རུའོ་ཞེས་པས་རུ་ཉིད་དོ། །ཨུ་ཡིག་ནི། ཨ་ཏ་ལས་ཧ་ཤ་ལའང་རུའིོ། །ཞེས་པས་རྟགས་ཀྱི་དོན་ནོ། །རེ་པའི་རྫོགས་པ་ལ་རྣམ་པར་བཅད་པའོ་ཞེས་པས་རྣམ་པར་ གཅད་བྱའོ། །བི་པྲཿ་གཉིས་ཀྱི་དོན་བརྗོད་པར་འདོད་པ་ལ་གཉིས་ཀྱི་ཚིག་ཨཽའོ། །དང་པོ་དག་གི་ཨཙ་ལའོ་ཞེས་པས་རིང་པོའི། ཨ་ལས་ཨཱི་ཙལ་མ་[?]ཡིན་ནོ་ཞེས་པས་བཀག་པ་ལ། ཨེ་ཙ་ལའོ། །ཞེས་པས་ཨ་ཡིག་དང་ཨཽ་ཡིག་དག་གི་ གཉིས་དག་གི་གཅིག་སྟེ། ཨཽ་ཡིག་གོ། །བི་བྲཽ། མང་པོའི་དོན་བརྗོད་པར་འདོད་པ་ལ་མང་པོའི་ཚིག་རྫོགས་སོ། །ཛ་ཡིག་ནི། ཛཔ་ལའོ་ཞེས་པས་རྟགས་ཀྱི་དོན་ཏོ། །དང་པོ་དག་གི་ཨཙ་ལའོ་ཞེས་པས་ཨ་ཡིག་དག་གཉིས་དག་གི་ གཅིག་སྟེ་རིང་པོའོ། །པི་བྲཱ་གཉིས་པའི་དོན་བརྗོད་པར་འདོད་པ་ན། བྱ་བ་ལ་གཉིས་པའོ་ཞེས་པ་ལ་སོགས་པས་གཉིས་པའོ། །ཨ་མ་ལ་ཕ་རོལ་ལས། དང་པོ་དག་གི་ཨ་ཙ་ལའོ་ཞེས་པས་རིང་པོ་ཉིད་ཐོབ་པ་ལ། ཨ་མ་ལ་སྔོན་མའོ། །ཞེས་པས་ཨ་ [123B] ཕ་རོལ་སྔ་མ་ཉིད་དོ། །བི་བྲམ་[?] སུཌ་ཅེས་པས་སོ་སོར་བརྗོད་པ་གཟུང་བའི་དོན་ནོ། །བི་བྲཽ། སྔ་མ་བཞིན་ཤས་ཀྱི་ཤ་ཡིག་ན། དེ་ལས་ཤས་ཀྱི་ན་སྐྱེས་པ་ལའོ་ཞེས་པས་རྟགས་ཀྱི་དོན་ནོ། །དང་པོ་དག་གི་ཨཙ་ ལའོ་ཞེས་པས་ཨ་ཡིག་རིང་པོ་ཉིད་དོ། །དེ་ལས་ཤས་ཀྱི་ན་སྐྱེས་པ་ལའོ་ཞེས་པས་ས་ཡིག་གི་ན་ཡིག་གོ། །ཙུ་ཌུ་རུ་ལས་ཤར་བར་ན་ཡོད་པ་ལའོ་ཞེས་པས་བཀག་པའི་ཤུགས་ལས། ཚིག་གཅིག་ལར་ཥ་ལས་ནའི་ཎའོ། །ཞེས་པའི་སྤྱིར་བཏང་གིས་ན་ཡིག་ གིའང་ཎ་ཉིད་དུ་ཐོབ་པ་ལ་མཐའ་ལའང་ཞེས་པས་བཀག་གོ། །བ་དྲཱན། གསུམ་པའི་དོན་བརྗོད་པར་འདོད་པ་ན། བྱེད་པ་པོ་ལ་གསུམ་པའོ་ཞེས་པ་འདིས་གསུམ་པ་སྟེ་ཌཱའོ། །ཊ་ཡིག་ནི་ཊཱ་ངས་དག་གི་ཨི་ན་སྱ་དག་གོ་ཞེས་པས་རྟགས་ཀྱི་དོན་ནོ། ། འདི་ཉིད་ཀྱིས་ཨཱ་ཡིག་གི་ཨི་ན་རུ་བསྒྱུར་རོ། །ཨ་ལས་ཨཏ་ཨེང། ཞེས་པས་ཨ་ཡིག་དང་ཨི་ཡིག་གཉིས་དག་གི་ཨེངའོ། །ཚིག་གཅིག་ལ་ར་ཥ་ལས་ནའི་ཎའོ་ཞེས་པས་ན་ཡིག་གི་ཎ་ཉིད་དོ། །བི་སྤྲེ་ཎ། སུཔ་ལའོ་ཞེས་པས་རང་བཞིན་གྱི་ཨཏ་ ཨཱ་ཉིད་དོ། །བི་པྲཱ་བྷྱམ། ཨཏ་ལས་བཧི་སའི་ཨཻ་སའོ་ཞེས་ཨཻས་སུ་བསྒྱུར་རོ། །ཨ་ཡིག་ཨཻ་ཡིག་དག་གི་ཨཻ་ཡིག་ཨེ་ཙལའོ། །ཞེས་པས་ཨཻ་ཙའོ། །བི་བྲཻཿ་བཞི་པའི་དོན་བརྗོད་པར་འདོད་པ་ན། ཡང་དག་པར་རབ་ཏུ་སྦྱིན་པ་ལ་བཞི་པའོ་ཞེས་ པ་ལ་སོགས་པས་བཞི་པའོ། །དེཿ་བྷྱམ། བྷྱཔ། དེང་ཡི་ངས་རྣམས་ཀྱི་ད་ཡིག་ས་ཁི་མ་ཡིན་པའི་ད་ཏི་ལའོ་ཞེས་པས་རྟགས་ཀྱི་དོན་ནོ། །དེང་སི་དག་གི་ཡ་ཨཱཏ་དག་གི། ཞེས་པས་ཨེ་ཡིག་གི་ཡ་རུ་བསྒྱུར་རོ། །པུབ་ལ། ཞེས་པས་ ཨཏའི་ཨ་ཉིད་དོ། །དེ་ལ་འཛིན་པ་ན་ཞེས་པས། རྟགས་ལས་ངེས་པར་ཞུགས་པའི་མཚན་ཉིད་ཀྱི་རིགས་པ་འདིར་འཇུག་པ་མ་ཡིན་ནོ། །པི་པྲ་སཱ། བི་སཱ་བྷྱཾ། སྔ་མ་བཞིན་མང་པོ་རྣམས་ལ་ཛྷལ་ལ་ཨེཏའོ། །ཞེས་པས་ཨཏ་ཨེ་ཉིད་དོ།། [124A]༄༅། །བི་བྲེ་བྷྱ་ལྔ་པ་རྣམས་བརྗོད་པར་འདོད་པ་ན། འབྱུང་ཁུངས་ལ་ལྔ་པའོ་ཞེས་པ་ལ་སོགས་པས་ལྔ་པའོ། །ང་སའི་འང་ཨཱཏའོ་ཞེས་པས་རྟགས་ཀྱི་དོན་ནོ། །དེ་ང་སི་དག་གི་ཡ་ཨཱཏ་དག་གོ། །ཞེས་པས་ང་སིའི་ཨཱཏ་ཏུ་བསྒྱུར་རོ། ། ཨཏ་མཐའ་དག་གི། ཨཀ་གི་ཨཀ་ལ་རིང་པོའོ། །བི་པྲཱཏ། བི་པྲ་བྷྱཾ། བི་པྲེ་བྷྱ་སྔ་མ་བཞིན་དྲུག་པའི་དོན་བརྗོད་པར་འདོད་པ་ན། འབྲེལ་པ་ལ་དྲུག་པའོ། །ཞེས་པ་ལ་སོགས་པས་དྲུག་པའོ། །ཊཱ་དས་དག་གི་ཨི་ན་སྱ་དག་གོ། །ཞེས་ པས་ངས་པའི་སྱ་རུ་བསྒྱུར་རོ། །བི་བྲ་སྱ། ཨོས་ལའོ། །ཞེས་པས་ཨཏའི་ཨ་ཉིད་དོ། །དེའི་ཨཙའི་ཨཡ་ཨཝ་ཨཱཝ། ཞེས་པས་ཨཡ་རུ་བསྒྱུར་རོ། །བི་པྲ་ཡོཿ་ཐུང་ངུ་ཨཱ་ཨཔ་ལ་ནུ་ཊའོ། །ཞེས་པས་ཨཱམ་ལ་ནུཊ་ཨཱ་ག་མའོ། །ཊ་ ཡིག་གི་ནི། ཊ་ཀིཧ་དག་དང་དང་པོ་དང་ཐ་མ་དག་གོ། །ཞེས་པས་རྟགས་ཀྱི་དོན་ནོ། །ཨུ་ཡིག་ནི་བརྗོད་པའི་དོན་ནོ། །ནམ་ལ་ཏེ་པྲྀ་ཙཏ་པྲྀ་དག་མ་ཡིན་པ་ལའོ། །ཞེས་པས་རང་བཞིན་གྱི་ཨཏའི་རིང་པོའོ། །ཚིག་གཅིག་ལ་རཥ་ལས་ནའི་ཎའོ། །ཞེས་ པས་ནའི་ཎ་ཉིད་དོ། །བི་པྲཱ་ཎཱི། བདུན་པའི་དོན་བརྗོད་པར་འདོད་པ་ན། གནས་གཞི་ལ་[?]བདུན་[?]པའོ་ཞེས་པ་ལ་སོགས་པས་བདུན་པའོ། །ཨ་ལས་ཨཏ་ཨེང་ཞེས་པས་ཨེང་འོ། །བི་པྲེ། བི་པྲ་ཡེཿ་སྔ་མ་བཞིན་སུ་སའི་པ་ཡིག་སུཔ་[?]ཅེས་པས་ སོ་སོར་བསྡུ་བ་འཛིན་པའི་དོན་ནོ། །མང་པོ་རྣམས་ལ་ཛྷལ་ལ་ཨེཏའོ་ཞེས་པས་ཨཏ་ཨེ་ཉིད་དོ། །ཀུ་ལས་ཀྱང་བསྒྱུར་བའི་དང། པན་ལ་སོགས་པ་དང་ཤ་ཡི་ཝ་སི་གྷས་རྣམས་ཀྱི་སའིོ་ཞེས་པས་སའི་ཥ་ཉིད་དོ། །བི་པྲེ་ཥུ། ཀུན་ཏུ་བོད་པ་བརྗོད་པར་འདོད་པ་ ན། པི་པྲའི་སྒྲའི་སྔོན་དུ་ཧེའི་སྒྲ་སྦྱར་ཏེ། དེ་གསལ་བར་བྱེད་པའི་དོན་དང་ལྡན་པ་ཉིད་ཀྱི་ཕྱིར། དོན་ཙམ་ལ་དང་པོའོ་ཞེས་པས་སུའོ། །གྲངས་མེད་པ་ལས་སུ་པའི་འཇིག་གོ། །ཞེས་པས་འཇིག་གོ། །ཚིག་འདི་ཉིད་ཀྱི་ཕྱིར་གྲངས་མེད་པ་རྣམས་ [124B] །ཏེ་བི་བྲ་ཞེས་གནས་པ་ལ་ཀུན་ཏུ་བོད་པ་ལའོ་ཞེས་པས་གཅིག་ཉིད་ལ་སོགས་པ་རྣམས་ལ་དང་པོའོ། །ཨེང་ཐུང་ངུ་ཨཏ་ལས་ཀུན་ཏུ་བོད་པ་ལའོ་ཞེས་པས་སུ་དབྱིའོ། །ཧེ་བི་པྲ། ལྷག་མ་སྔ་མ་བཞིན། ཧེ་ བི་པྲཽ། ཧེ་བི་པྲཿ་འོ་ན་ཀུན་ཏུ་བོད་པ་བྱས་པའི་དང་པོ་གང་ཡིན་པ་དེ་ཉིད་མི་རྟོགས་པའི་ཕྱིར། ཧའི་སྒྲ་སྦྱོར་བར་འགྱུར་ན། འདི་དེ་ལྟར་མ་ཡིན་ཏེ། སྤྱིའི་རིམ་པ་ལ་བྱེ་བྲག་གི་སྦྱོར་བ་འོས་པ་ཉིད་ཀྱི་ཕྱིར། དཔེར་ན་བུམ་པ་གཉིས་དག་བཞིན་ནོ་ཞེ་ན་ སྔར་ཉིད་ཀྱི་བྱེ་བྲག་གི་སྦྱོར་བ་ལ་སྤྱིའི་སྦྱོར་བས་བི་པྲ་ཧེ། ཞེས་པ་འདི་དཔེར་ན་བུམ་པ་ངན་པའོ། །ཞེས་ཁ་ཅིག་གོ། །གཅིག་ལ་བརྗོད་ཟིན་པ་ཡང་སྦྱོར་བ་མཐོང་སྟེ། ཏ་རུ་ཎེ་ཧོ་མ་མ་ཧྲི་ད་ཡ་ཧེ། པ་ད་བྷ་ཝ་ཏྭཾ། བདག་གི་སྨྲ་བ་དེ་དང་དེ་གཡོ་བ་ཉིད་ དེ་ཅིའི་ཕྱིར་མཛེས་པ་སྐྱེད་པར་མི་འགྱུར། བུམ་པ་གཉིས་དག་ཅེས་པ་བཞིན། ཞེས་གཞན་དག་སྨྲའོ། །དེ་བཞིན་དུ་ཨཏ་ཀྱི་མཐའ་ཅན་གཞན་རྣམས་ཀྱང་སྟེ། གྷཊ། མ་ཐ། ཀ་ཊ། བཱ་ཊ། གྲམ། སཾ་གྲཱ་མ། པྲ་ཧ་ར། ཀ་ར། ས་མའི་ར་ སརྒྒ། པརྒ། ཨ་པ་བརྒ་རྣམས་དང། པ་ཊ། བ་ཊ་ཧ། ཙ་ཀོ་ར། སཱ་ད། དེ་ཝ། ཨུ་ད། ཡ་རྣམས་དང། ཨཀྵ་ཡ། བཧུ་ཛ་ག་བཧུ་ཛངྒ། ཨཱ་རཱ་མ། ཀུམྦྷཱི་ར། ཀུམྦ་རྣམས་དང། ཤཱ་ར་དུ་ལ། ཀྲཱ་མ། སཱི་ཀ་ར། དྲུ་མ་ སྨ་ར། སུ་ར། ཨུན་མཱ་ད། པྲ་ལཱ་ད། བྱཱ་ཡ། བྱ་དྷ་བྲཱ་ཧྨ་ཎཿ་མཱ་ར། ཤངྐ་ར། ཥ་རཿ་ཀྲོ་ཤ་པྲ་དོ་ཥ། གྲ་ཧ་རྣམས་དང། སི་དྷ་བྱ་གྷྲ་ཏུ་རང་གཿ་བཧང་ག་བུ་བྷ་ཊ་ཤྭ་པཿ་ཨ་ཤྭ་དཎྜ་ཨཱ་ཌྷ་ཀ་དྲོ་ཧ་ཀྲོ་དྷ་ ཀུ་ཐཱ་རཿ་ཀ་དྷ་ཀ་མ་ཐཿ་གྲངས་པཱ་པཱ་སཿ་ཨ་ཤྲ་མ་རྣམས་དང། པཎྜི་ཏཿ་སླ་བ་ཀཱུ་པ་ཀུ་པ་ཀུ་བེ་རཿ་བཧེ་ཀ་ཤུ་ཀ་པྲཱ་བ་ཀ་བྷྲྀངྒ་རྣམས་དང། པྲྀ་གཿ་ནཱ་དཿ་མོ་ནོཿ་མནྨ་ཋཿ་ནཱ་ཐཿ་ཀཱ་ཐཿ་དནྟ་ཙ་ཊ་ཀ་བི་ཏྲ་པ་རྣམས་ཞེས་པ་ལ་སོགས་ [125A]༄༅། །པ་རྣམས་རྟོགས་པར་བྱའོ། །གང་རྣམས་ཀྱི་ཡང་ཥ་ཡིག་དང་ན་མཐའ་ཡོད་པ་རྣམས། ཙུ་ཊུ་ཏུ་ལ་ཤ་ར་བར་ན་ཡོད་པས་དེ་རྣམས་ལས་ཕ་རོལ་གྱི་ན་ཡིག་གི་ཎ་ཉིད་མེད་དོ་ཞེས་པ་ཁྱད་པར་རོ། །ཨཏ་མཐའ་ཅན་རྣམས་བརྗོད་ ཟིན་ཏོ།། །།ཨཱཏ་ཀྱི་མཐའ་ཅན་དྲི་ཟའི་མིང་ཧཱ་ཧཱའི་སྒྲ་ནི་ཧེ་ཞེས་བྱ་སྟེ། ཛཱ་ཧཱ་ཏི་ཧཱ་ཧཱ་ཀྭི་པཿ་ཝི་ཙཿ་མ་ནི་ནཿ་ཀྭ་ནི་པཿ་ཝ་ནི་པ་རྣམས་སོ་ཞེས་པས་ཝི་ཙའོ། །ཙ་ཡིག་གི་ཐུན་མོང་བ་འཛིན་པའི་དོན་ནོ། །ཨི་ཡིག་ནི་ཨཙ་[?]མེད་ པའི་ཝིའི་འོ་ཞེས་པས་རྟགས་ཀྱི་དོན་ནོ། །ཝ་ཡིག་གི་འདི་ཉིད་ཀྱིས་དབྱིའོ། །བྱེད་པ་ཅན་ལ་མང་པོར་རོ་ཞེས་པས་ཚིག་སྡུད་ཅན་ཏེ་སུ་ལ་སོགས་པ་རྣམས་སོ། །སུའི་རུ་ཉིད་དང་རྣམ་པར་བཅད་པ་དག་གོ། །ཧཱ་ཧཱ་དང་པོ་དག་གི་ཨཙ་ལའོ་ཞེས་ པས་རིང་པོ་ལས་ཛས་ལ་ཡང་ངོ་ཞེས་པས་བཀག་གོ། །ཨ་ཡིག་དང་ཨཽ་ཡིག་དག་ནི་ཨ་ཙ་ལའོ་ཞེས་པས་ཨཽ་ཡིག་གོ། །ཧཱ་ཧཽཿ་ཨའི་ཡི་གེ་དག་ནི་ཨ་ཀ་གི་ཨི་ཀ་ལ་རིང་པོའོ། །ཧཱ་ཧཱ་ཨམ་ལ་སྔོན་མའོ་ཞེས་པས་ཕ་རོལ་སྔ་མ་ཉིད་དོ། །ཧཱ་ ཧཱཾ་ཧ་ཧོ་ཨཱཏ་ཅེས་པས་ཤས་ལ་སོགས་པའི་ཨཙ་དང་པི་ལཱ་ཡིག་དབྱིའོ། །ཧཱ་ཧཱ་ཧཱ་ཧཱ་ཧཱ་ཧཱ་བྷྱི་ཧཱ་ཧཱ་བྷཱི་ཧཱ་ཧཱི་ཧཱ་ཧཱ་བྷྱཾ་ཧཱ་ཧཱ་བྷྱ་ཧཱ་ཧཿ་ཧཱ་ཧཱ་བྷྱི་ཧཱ་ཧཱ་བྷྱ་ཧཱ་ཧཿ་ཧཱ་ཧོཿ་ཧཱ་ཧཱཾ་ཧཱ་ཧིཿ་ཧཱ་ཧོཿ་ཧཱ་ཧཱ་སུ། ཀུན་ཏུ་བོད་པ་ལ་ཁྱད་པར་མེད་དོ། །དེ་བཞིན་དུ་ཨཱཏ་མཐའ་ཅན་ རྣམས་ཀྱང་རྗེས་སུ་འབྲངས་ནས་ན་རྟོགས་པར་བྱའོ། །བི་པྲ་ཞེས་པ་ལ་སོགས་པའི་ཚིག་ལེའུ་བྱས་པ་ལ་ཕྱོགས་ཙམ་བསྟན་པའི་ཆེད་དུ་བྱེད་པོའི་སྒྲའི་དཔེ་བཞིན་ནོ་ཞེས་དེ་བཀླག་པ་ལ་ཡང་དཔེར་བརྗོད་པ་འདིའོ། །ཨི་ཡིག་གི་མཐའ་ཅན་ཨགྣིའི་སྒྲ་ལས་སུ་ལ་ སོགས་པ་རྣམས་སོ། །སུའི་རྒྱུ་ཉིད་དང་རྣམ་པར་བཅད་པ་དག་གོ། །ཨགྣི་ཨི་ཡིག་དང་ཨཽ་ཡིག་དག་གི། དང་པོ་དག་གི་ཨ་ཙ་ལའོ་ཞེས་པས་རིང་པོ་ཉིད་ཨཱི་ཡིག་གོ། །ཨགྣི་དང་པོ་དག་གི་ཨཙ་ལའོ་ཞེས་པས་རིང་པོ་ཉིད་ཐོབ་པ་ལ་ཛ་པ་ལའོ་ཞེས་པས་ཨི་ཡིག་ [125B] །དེ་ཡི་ཨཙའི་ཨཡ་ཨཝ་ཨཱཡ་ཨཱཝའོ་ཞེས་པས་ཨ་ཡ་རུ་བསྒྱུར་རོ། །ཨགྣ་ཡཿ་ཨ་མ་ལ་ཕ་རོལ་སྔ་མ་ཉིད་དོ། །ཨགྣི་མཿ་ཨགྣི་སྔ་མ་བཞིན་དང་པོ་དག་གི་ཨ་ཙལའོ་ཞེས་པས་རིང་པོ་ཉིད་བྱས་པ་ལ། དེ་ལས་ཤེས་ཀྱི་ན་སྐྱེས་པ་ ལའོ་ཞེས་པས་ས་ཡིག་གི་ན་ཡིག་གོ། །ཨགྣེ་ན། ཊཱ་ཡི་བུད་མེད་མ་ཡིན་པ་ལ་ནཱའོ་ཞེས་པས་ཊཱ་ཡིག་གི་ནཱ་ཡི་དངོས་པོའོ། །ཨགྣི་ནཱ་ཨགྣི་བྷྱཾ་ཨགྣི་བཧིཿ་ས་ཁི་མ་ཡིན་པའི་ངི་ཏ་ལའོ། །ངི་ཏ་ཡི་སུ་པ་ལས་ཨི་ཡིག་གི་ཨེངའོ། །ཨེ་ཡིག་ ནི་དེའི་ཕ་རོལ་ལས་ཨ་ཡར་བསྒྱུར་རོ། །ཨགྣ་ཡེ། ཨགྣི་བྷྱཾ་ཨགྣི་བྷྱ་ད་སི་ངས་དག་ལའོ་ཞེས་པས་ང་པི་ངབ་[?]དིག་གི་ཨ་ཡིག་གི་སྔ་མའི་གཟུགས་ཉིད་དོ། །ཨགྣི་ཨགྣི་བྷྱཱཾ་ཨགྣི་བྷྱ་ཨགྣི་ཨིག་གི་ཨཙ་ལ་ཡང་ཎའོ་ཞེས་པས་ཨིཀ་ གི་ཡཎར་བསྒྱུར་རོ། །ཨ་གྣྱོ་ཐུང་ངུ་ཨཱ་བ་ལ་ནུ་ཊའོ་ཞེས་པས་ཨཱམ་ལ་མུ་ཊ་ཨ་ཀ་མའོ། །སྔ་མ་བཞིན་རྗེས་སུ་འབྲེལ་པ་དབྱིའོ། །ནཱི་ལ་ཏེ་སྲི་ཙ་ཏ་བྲི་དག་མ་ཡིན་པ་ཞེས་པས་རིང་པོ་ཉིད་དོ། །ཨགྣི་ནཱཾ། ཨེདའི་ཨཏ་འང་ངོ། །དེའི་ཨཽ་ཡིག་གོ། ། ཨད་ཡང་ཨཏ་ཏུ་བསྒྱུར་རོ། །ཏ་ཡིག་ནི་བུད་མེད་ལ་མངལ་དང་ལྡན་པ་ལ་དེ་མ་ཡིན་པ་འཇུག་པའི་དོན་ནོ། །ཨ་ཡིག་དང་ཨོ་ཡིག་ངག་གི་ཨེ་ཙ་ལའོ་ཞེས་པས་ཨོ་ཡིག་གོ། །ཨགྣཽ། ཨགྣྱོ་ཥ་ཉིད་ནི་སྔ་མ་བཞིན་ཏེ། ཨགྣི་ཥུཿ་ཀུན་ཏུ་བོད་པ་ ལ༑ ཀུན་ཏུ་བོད་པ་མ་ཡིན་པའི་སུ་ལའོ་ཞེས་རྗེས་སུ་འཇུག་བཞིན་པ་ན། ཨིཏ་ཨུཏ་དག་གི་ཨེང་འོ་ཞེས་པས། སུ་ཕ་རོལ་ལ་ཨི་ཡིག་ཨེང་འོ། །ཨེང་ཐུང་ངུ་ཨཏ་ལས་ཀུན་ཏུ་བོད་པ་ལའོ་ཞེས་པས་སུ་དབྱིའོ། །ཧེ་ཨགྣེ། ཧེ་ཨགྣི། ཧེ་ཨགྣ་ཡཿ་དེ་བཞིན་ དུ་ཨི་ཏ་མཐའ་གཞན་རྣམས་ཀྱང་སྟེ། ཝ་ཧྣི། ཨུ་པཱ་དཧི། ཝི་རིཉྩི། མུ་ནི། བྱ་དཧི། ནི་དཧི། ཀ་ཤི། བཱ་མ་དཧི། སཱུ་རི། ཨ་བཧི། ཀཱ་ལཱ་ནི་དཧི། ཤ་བ་དཧི། པཱ་ཎི། མཱ་ཎི། པྲ་ཎི་དཧི། ཛ་ལ་དཧི་རྣམས་དང། སྨ་རཱ་ཐི། མཽ་ལི། བ་ལི། དཧྭ་ནི། རཱ་ཤི། གྲནྠི། ཨ་ལི་ [126A]༄༅། །ཀ་ལི། ཨཉྫ་ལི། ཤཱ་ལི། ཀུཀྵི། ཧ་རི་རྣམས་དང། གི་རི། ཡ་མཱ་རི། ཤཱ་རི། ཨ་སི། ཀ་པི། ར་ཏྲི། ར་ཝིཿ་ཞེས་པ་ལ་སོགས་པ་རྣམས་སོ། །ཡ་ཁའི་སྒྲའི་ནི་བྱེ་བྲག་ཏུ་སྟེ། རྀཏ་ཨུ་ཤ་ནས། པུ་རུ་དམ་ཤས་ཨ་ནེ་ཧ་ས་རྣམས་ ཀྱིའང་སུ་ལ་ཨ་ན་ངའོ་ཞེས་པས་སུ་ཕ་རོལ་ལ་ཨི་ཡིག་གི་ཨ་ནང་དུ་བསྒྱུར་རོ། །ང་ཡིག་ནིཿ་ངིཏ་ཅེས་པའི་མཐའ་བསྒྱུར་བའི་དོན་ནོ། །ན་ཡིག་གི་ཨ་ཡིག་བརྗོད་པའི་དོན་ནོ། །ན་ཞེས་པ་རྗེས་སུ་འཇུག་བཞིན་པ་ན། ཀུན་ཏུ་བོད་པ་མ་ཡིན་པའི་སུ་ལའོ་ཞེས་པས་ན་ ཡིག་མཐའི་རང་བཞིན་གྱིས་རིང་པོ་ཉིད་དོ། །སུ་ཡིའོ་ཞེས་པས་སུ་དབྱིའོ། །སུ་པའི་རང་བཞིན་གྱི་ནའི་དབྱིའོ་ཞེས་པས་ན་དབྱིའོ། །ཤི་མ་མིན་པ་ལ་ས་ཁིའི་ཨཻ་ཏའོ་ཞེས་པས་སུ་ཊ་ཕ་རོལ་ལ་ཨིའི་ཡིག་གེ་ཨིཏ་ཏུ་བསྒྱུར་རོ། །དེ་ཡི་ཨེཙའི་ཨཡ་ཨཝ་ཨཱཡ་ ཨཱཝའོ་ཞེས་པས་ཨཱཡའོ། །ས་ཁཱ་ཡཽ། ས་ཁཱ་ཡན། ས་ཁཱ་ཡཾ། ས་ཁཱ་ཡཽ། ས་ཁཱི་ན། དང་པོ་དག་གི་ཨཙ་ལའོ་ཞེས་པས་རིང་པོ་ཉིད་དོ། །དེ་ལས་ཤས་ཀྱི་ན་སྐྱེས་པ་ལའོ་ཞེས་པས་ན་ཡིག་གོ། །ཊ་ཡི་བུད་མེད་མ་ཡིན་པ་ལ་ནཱའོ་ཞེས་པས་ནཱ་ལ་ ཨེར་འགྱུར་བ་ལས་ཨིཏ་ཨུཏ་དག་ལས་ཕ་རོལ་གྱི་ཊཱའི་ནཱ་ཉིད་དུ་བྱེད་པ་ལ་གནོད་པས་ནཱའི་དངོས་པོར་མི་འགྱུར་རོ། །ས་ཁི་མ་ཡིན་པའི་ངིཊ་ལའོ་ཞེས་པ་འདི་ལས་ས་ཁི་མ་ཡིན་པ་ལ་ཞེས་སྤྱིར་བཏང་བ་ལས་སཾ་ཨི་ཡིག་གིཿ་ཨིཀ་གི་ཡ་ཎར་ཨཙ་ལའོ་ཞེས་པས་ ཡ་ན་བསྒྱུར་རོ། །ས་ཁྱཱ་ས་ཁི་བྷྱཱཾ་ས་ཁི་བཧིཿ་པ་ཁ་མ་ཡིན་པའི་ངིཊ་ལའོ་ཞེས་པས་ས་ཁི་ཡངས་པ་ལས་ངིཊ་ཀྱི་སུཔ་ལ་ཨེང་མེད་དོ། །ཨིཀ་གི་ཡ་ཎར་ཨཙ་ལའོ། །པ་ཁྱེཿ་ས་ཁི་བྷྱཾ་ས་ཁ་བྷྱ་པ་ཁྱུཿ་པ་དཧུ་ཞེས་པས་ཚིག་ཕྲད་ལས་ང་སི་ངས་དག་གི་ཨཏ་ ཨུ་ཉིད་དོ། །ས་ཁྱུཿ་ས་ཁི་བྷྱཱཾ་ས་ཁི་བྷྱ་ས་ཁྱུཿ་ས་ཁྱོཿ་ས་ཁི་ནཱཾ་ཐུང་ངུ་ཨཱཔ་ལ་ནུ་ཊའོ། །རིང་པོའོ། །ཨིཏ་ཨུཏ་དག་ལས་ཨཽའོ་ཞེས་པས་ངོ་ཨཽ་ཏའོ། །ས་ཁྱཽཿ་ས་ཁྱོཿ་ས་ཁི་ཥུཿ་ཥ་ཉིད་ནི་སྔ་མ་བཞིན་ནོ། །ཀུན་ཏུ་བོད་པ་ལཿ་ཀུན་ཏུ་བོད་པ་མ་ [126B] །ཨ་ནང་བཀག་པ་ནི་རྀཏ་ལ་སོགས་པའི་དོན་གྱི་དངོས་པོ་ས་ཁིའི་དོན་དུ་ཡང་འགྱུར་རོ་ཞེས་དེའི་དོན་བཀག་ པ་སྟོན་པ་མ་ཡིན་ནོ། །སྔ་མ་བཞིན་དུ་དབྱིའོ། །ཧེ་ས་ཁེ། ཧེ་པ་ཁཱ་ཡཽ། ཧེ་ས་ཁཱ་ཡཿ་གང་གི་ཚེ་འདི་ཡང་བུད་མེད་ལ་འཇུག་པ་དེའི་ཚེ། ས་ཁཱི། ཨ་ཤི། ཤཱི་ཞེས་པས་དི་ཥཱ་ལ་ས་ཁཱི་ཞེས་པ་ཚིག་ཕྲད་དེ། དེ་ཡང་ནཱ་དི་དང་འདྲ་བར་དྲང་ བར་བྱའོ། །བསྡུ་བ་ལ་ཡང་སྔ་མ་བཞིན་ཨ་ནང་དང་ཨེང་དག་གོ། །བཟང་པོ་ཡང་འདི་ཡིན་ལ་གྲོགས་པོ་ཡང་ཡིན་པ་ཞེས། སུ་པ་ཁཱ། དོན་གཅིག་པ་ཞེས་པས་སུཔ་འཇིག་གོ། །སུཔ་ཁཱ་ཡཽཿ་སུཔ་ཁཱ་ཡཿ་སུ་པ་ཁཱ་ཡཾ། སུ་པ་ ཁཱ་ཡ། ངིཏ་ལ་ཨེངའི་སྒྲུབ་པ་དག་སྟེ། ས་ཁིའི་སྒྲ་འབའ་ཞིག་གི་བཀག་པ་ལས་དེའི་མཐའི་ཨེང་དུ་འགྱུར་པ་ཁོ་ནའོ། །དེ་ལྟར་ན་ནི་ས་ཁྱུཿ་པ་ཁྱུ་ཞེས་པ་འདི་ལ་ཨ་ཏི་པ་ཁེཿ་འི་ཞེས་སོ་སོར་དཔེར་བརྗོད་དོ། །དེའི་ཕྱིར་ཊའི་བུད་མེད་མ་ཡིན་ པ་ལ་ནཱའོ་ཞེས་པས་ནཱ་ཡི་དངོས་པོའོ། །སུ་པ་ཁི་ནཱ། འགའ་ཞིག་ནི་དེའི་ནའི་མཐའི་ཡང་ངེས་པར་བཀག་པར་འདོད་པས། དེའི་ལུགས་ལ་ཨིཀ་གི་ཡ་ཎར་ཨཙ་ལའོ། །སུ་ས་ཁྱཱ། སུ་ས་ཁི་བྷྱཱཾ། སུ་ས་ཁི་བཧིཿ་སུ་ས་ཁཱ་ཡེ་ སུ་ས་ཁི་བྷྱཾ། སུ་ས་ཁི་བྷྱ་ས་ཁྱུཿ་པ་ཏྱུ་ཞེས་པ་ཁོ་ནའི་ཚིག་ཕྲད་ལས་དེའི་མཐའ་ལས་ང་སི་ངས་དག་གི་ཨཏ་ཨུ་ཉིད་མ་ཡིན་ནོ། །སུ་པ་ཁེཿ་དེའི་མཐའི་ཨང་བཀག་པར་སྨྲ་བ་ལ་ནི་སུ་པ་ཁྱུ་ཞེས་ངེས་པར་བསྟན་པ་ལས་དེའི་མཐའ་འང་ཨུ་ཉིད་དོ། ། སུ་ས་ཁྱུཿ་སུ་པ་ཁི་བྷྱཱཾ། སུ་པ་ཁི་བྷྱཱཾ། སུ་པ་ཁཱི་བྷྱ་སུ་པ་ཁེཿ་སུ་ས་ཁྱུཿ་སུ་ས་ཁྱོཿ་སུ་ས་ཁཱི་ནཱཾ། སུ་པ་ཁཽ། སུ་ས་ཁྱཽ། སུ་པ་ཁྱོཿ་སུ་པ་ཁི་ཥུ། ཧེ་སུ་ས་ཁེ། ཧེ་སུ་ས་ཁཱ་ཡཽ། ཧེ་སུ་ས་ཁཱ་ཡཿ་དེ་བཞིན་ཨ་ཏི་ས་ཁི། ཨཱ་ས་ཁི་ [127A]༄༅། །ཝ་ཡུས་ཁི། ཨིནྟྲ་ས་ཁི། པ་ཧུ་ས་ཁི་ལ་སོགས་པ་རྣམས་སོ། །པ་ཏིའི་སྒྲའི་ཚིག་སྡུད་ལ་གཟུགས་ཨགྣི་བཞིན་ནོ། །གསུམ་པ་འགའ་ཞིག་གི་དང་པོའི་གཅིག་ཚིག་ལ་ཁྱད་པར་རོ། །པ་ཏིཿ་པ་ཏཱི། པ་ཏ་ ཡཿ་པ་ཏི་མ། པ་ཏཱི་ན། ཊ་ཡི་བུད་མེད་མིན་པའི་ནཱའོ་ཞེས་པས་ཊཱ་ལ་ཨེང་གི་དངོས་པོ་དག་ལ། ཨིཏ་ཨུཏ་དག་ཕ་རོལ་གྱི་ནཱ་ཡིག་སྒྲུབ་པ་ལ་སོགས་པ་འཇིག་པས་ན་ཡི་དངོས་པོར་མི་འགྱུར་རོ། །པ་ཏིའི་ཚིག་སྡུད་ལའོ་ཞེས་སྤྱིར་ བཏང་ལས་ཡང་ནའོ། །པ་ཏྱཱ། པ་ཏི་བྷྱཾ། པ་ཏི་བྷྱི་པ་ཏིའི་ཚིག་སྡུད་ལའོ། །ཞེས་པའི་བསྡུ་བ་ཉིད་ལ་ཨེངའི་ཞེས་པའི་ངེས་པ་ལས་འབའ་ཞིག་པའི། ས་ཁི་མ་ཡིན་པའི་ངིཏ་ལའོ་ཞེས་པས་ཨེང་མེད་དོ། །ལྷག་ མ་ཐམས་ཅད་ནི་ས་ཁའི་སྒྲ་བཞིན་ནོ། །པ་ཏྱེ། ས་ཏི་བྷྱཾ། པ་ཏི་བྷྱ་པ་ཏྱུ་པ་ཏི་བྷྱཾ། པ་ཏི་བྷྱ་པ་ཏྱུ་པ་ཏྱོ་པ་ཏཱི་ནཱཾ། པ་ཏྱཽ། ས་ཁི་མ་ཡིན་པའི་ངིཏ་ལའོ་ཞེས་པས་འདིར་པ་ཏི་ཉིད་དགག་པར་བྱ་བ་ལ་དེ་ལ་ཇི་ལྟར་ ས་ཁིའི་སྒྲ་འབའ་ཞིག་གི་ཨེང་བཀག་པ་ནི། དེའི་མཐའ་ཨི་ཏི་ས་ཁའི་རྟོགས་པར་བྱ་བ་མ་ཡིན་ནོ། །ཞེས་པ་དེ་ལྟར་པ་ཏིའི་སྒྲ་འབའ་ཞིག་གི་དགག་པ་ནི་དེའི་མཐའི་དེ་ལྟར་གྲུབ་པར་འགྱུར་མེད། པ་ཏིའི་ཚིག་བསྡུ་བ་ལའོ་ཞེས་པ་འདིས་ བསྒྲུབ་པར་བྱའོ། །བྱ་བ་མ་ཡིན་པ་བྱེད་པ་འདི་ཡང་དེ་ལས་ཀྱང་མི་རྟག་པར་ཤེས་པར་བྱེད་པའི་དོན་དུ། དེས་ན། པ་ཏཽ། ཛི་བ་ཏི་ཀུཎྜ་སྱཱ་ཏཱ། ག་ཏི་མྲྀ་ཏེ་པྲ་པྲ་ཛཱི་ཏི་ཀ་ལི་ཝེ་ཙ་ཡ་ཏི་ཏེ་པ་ཏཽ། པཉྩ་སུ། ཨ་ཡཱན་སུ། ནཱ་རཱི་ཎཱཾ་པ་ཏི་རཱ་ ཏྱོ་བི་དྷཱི་ཡ་ཏ་ཞེས་པ་ལ་སོགས་པ་རྣམས་ཏེ། ལྷག་མའི་སྦྱོར་བ་འཐད་དོ་ཞེས་ཁ་ཅིག་གོ། །པ་ཏྱོ་པ་ཏི་ཥུ། ཀུན་ཏུ་བོད་པ་ལ་ཧེ་པ་ཏྱ་ཧེ་པ་ཏཱི་ཧེ་བ་ཏ་ཡཿ་ཨི་ཡིག་གི་མཐའ་ཅན་རྣམས་བརྗོད་ཟིན་ཏོ།། །།ཨཱི་ [127B] ཨ་བི་ལ་སོགས་པ་རྣམས་སོ་ཞེས་པ་ནི། ཚིག་ཕྲན་ཝཱ་ཏ་སྔོན་མ་ལས་པྲ་མ་ཏི་ཨུཎ་ལ་སོགས་པ་ཅན་ལས་ཨཱིའི་རྐྱེན་དང་ཨཱ་དབྱི་བ་ཡང་ངོ། །ཏ་ལ་ལ་ཨཱིཏ་ཨཱུཏ་ལས་ཀྱང་ངོ་ཞེས་པའི་ཚིག་ ལེའུ་བྱས་པའི་རྟགས་བཀླགས་པ་འདིས་ཨཱཏ་ཉིད་ལས་འདི་བུད་མེད་ཉིད་དུ་ཐོབ་པ་ལ། བཧྲ་མ་རཱ་ཝ་ར་ཊ་གཉིས་དང་བཞིའི་རྐང་པ་སྐྱེས་པའི་མིང་འང་ངོ་ཞེས་པ་འདིས་ཕྱི་མ་ཉིད་ཀྱི་ཕྱིར་སྐྱེས་པ་དང་བུད་མེད་དོ། །དེ་ལས་སྐྱེས་པ་ལ་ཝཱ་ཏ་པྲ་ མའིཿ་དང་པོ་དག་གི་ཨཙ་ལའོ་ཞེས་པས་རིང་པོ་ཉིད་ཀྱི་རིང་པོ་ལ་ཛས་ལའོ་ཞེས་པས་བཀག་པ་ལ། ཨཀ་གི་ཡཎ་ར་ཨ་ཙ་ལའོ་ཞེས་པས་ཡཎར་བསྒྱུར་རོ། །འོ་ན་བྱེད་ཅན་ཞེས་པ་ལ་སོགས་པས་ཨི་ཡ་རུ་བསྒྱུར་བ་ལ་གནོད་པས་གང་གི་ཕྱིར་ འདི་ཡཎ་ཇི་ལྟར་ཡིན་ཅེ་ན། ཨི་ཡ་རུ་བསྒྱུར་བའང་བྱིངས་མ་ཡིན་པའི་མེད་དོ། །ཝཱ་ཏ་པྲ་མྱཽཿ་ཝཱ་ཏ་པྲ་མྱཿ་ཨམ་ལ་ཕ་རོལ་སྔ་མ་ཉིད་དོ། །ཝཱ་ཏ་པྲ་མའི་མྲཿ་ཝཱ་ཏ་པྲ་མྱཽཿ་དང་པོ་དག་གི་ཨ་ཙ་ལའོ་ཞེས་པས་རིང་པོ་ཉིད་དོ། །ད་ལས་ ཤེས་ཀྱི་ན་སྐྱེས་པ་ལའོ་ཞེས་པས་ས་ཡིག་གི་ན་ཡིག་གོ། །ཝཱ་ཏ་པྲ་མཱིན་ཝཱ་ཏ་པྲ་མྱཱ་ཝཱ་ཏ་པྲ་མའི་བྷྱཾ་ཝཱ་ཏ་པྲ་མའི་བཧིཿ་ཝཱ་ཏ་པྲ་མྱེ། ཝཱ་ཏ་པྲ་མི་བྷྱཾ་ཝཱ་ཏ་པྲ་མའིཿ་ཝཱ་ཏ་པྲ་མྱཿ་ཝཱ་ཏ་པྲ་མའི་བྷྱ་ཝཱ་ཏ་པྲ་མའི་བྷྱ་ཝཱ་ཏ་པྲ་མྱཝཱ་ཏ་པྲ་མྱེཿ་ཝཱ་ཏ་ པྲ་མྱཾ། ཨི་གི་ཡ་ཎར་ཨཙ་ལ་ཞེས་ཐོབ་པ་ལ་ཨིའི་ཡི་གེ་དག་ཨཀ་གི་ཨཀ་ལ་རིང་པོའོ། །ཝཱ་ཏི་པྲ་མའི་སྐྱེས་བུ་མཆོག་ཏུ་གྱུར་པ་ལྷ་དང་ཉི་མ་ཉིད་ལ་ཡང་ལག་པས་འདྲེན་པ་ཨུཎ་ལ་སོགས་པའི་འགྲེལ་པ་རང་ཡིག་རིང་པོ་ཉིད་ཁོ་ནས་དཔེར་བརྗོད་དོ། །ཝཱ་ཏ་མྱོཝཱ་ཏ་པྲ་མའི་ཥ་ ཀུན་ཏུ་བོད་པ་ལ་ཧེ་ཝཱ་ཏ་པྲ་མའི་ཧེ་ཝཱ་ཏ་པྲ་མྱཽཿ་ཧེ་ཝཱ་ཏ་པྲ་མྱབུད་མེད་ལ་ནི་བུད་མེད་ཀྱི་སྐབས་སུ་སྟོན་པར་འགྱུར་རོ། །དེ་བཞིན་དུ་ཨ་ཤྭའི་ཚིག་གི་སྒྲ་ཡང་ཨཱིཏ་མཐའ་ཅན་རྣམས་བསྟན་ཟིན་ཏོ།། །།ཨུ་ཡིག་གི་མཐའ་ཅན་ཨཾ་ཤུའི་སྒྲ་འདིའི་མཚན་ཉིད་ཨགྣི་བཞིན་ནོ། །འདི་ནི་ཁྱད་པར་ཏེ། དང་པོ་དག་ [128A]༄༅། །གི་ཨ་ཙ་ལའོ་ཞེས་པས་རིང་པོ་ཉིད་ཀྱིས་ཨཱུ་ཡིག་གོ། །ཨེང་དག་སྟེ་ཨུ་ཡིག་གི་ཨོ་ཡིག་གོ། །དེ་ཡི་ཨ་ཝ་རུ་བསྒྱུར་རོ། །ཨུ་ཡིག་གི་ཡ་ཎ་རུ་བསྒྱུར་བས་ཝ་ཡིག་འང་ངོ། །ཨཾ་བུཨཾ་བའུ། ཨི་ཤ་ཝཿ་ཨཾ་ཤུ་མཿ་ཨཾ་ཤཱུ་ཨཾ་ཤཱུན་ཨཾ་ཤུ་ནཱ་ ཨཾ་ཤུ་བྷྱཱཾ་ཨཾ་ཤུ་དཧཾ་ཨཾ་ཤུ་ཝོཿ་ཨཾ་ཤུ་བྷྱཱཾ་ཨཾ་ཤུ་བྷྱ་ཨཾ་ཤོཿ་ཨཾ་བུ་བྷྱཾ་ཨཾ་ཤུ་བྷྱཾ་ཨ་ཤོཿ་ཨཾ་ཤྭོཿ་ཨཾ་ཤུ་ནཱི་ཨཾ་ཤཽཿ་ཨཾ་ཤྭོཿ་ཨཾ་ཤུ་ཥུཿ་ཀུན་ཏུ་བོད་པ་ལ། ཧེ་ཨཾ་ཤོཿ་ཧེ་ཨཾ་ཤུཿ་ཧེ་ཨཾ་ཤ་ཝཿ་དེ་བཞིན་དུ་ཨུཏ་མཐའ་གཞན་རྣམས་ཀྱང་སྟེ། སཱ་ཏུཿ་ཨི་ཤུཿ་ཙ་ཏུཿ་ཙཱ་ཏུཿ་ཀཱ་རུཿ་ མེ་རམ་བུཿ་ཀང་བུཿ་ཤྭ་ཥུཿ་པར་ཤུཿ་ཀིང་བུཿ་ཡང་བུཿ་ཨིཀྵུ་ཏ་རུ་ཀྵུ་རི་ཏུཿ་ཌ་མ་རུཿ་ཙ་མྲྀ་ཏུཿ་ཕེ་ཏུཿ་ཀ་ཀེན་ཏུཿ་བིན་དུཿ་ཤི་ཤུ་བ་ཤུཿ་ཏ་རུཿ་ཏརྐྐུ་ཀརྐྐུ་རེ་ཊུཿ་ཨིན་དུཿ་བཧི་ཀྵུ་གུ་རུཿ་བན་དུཿ་ཀ་རི་ཤཱ་ཐུཿ་ཐཱ་ནུཿ་རེ་ཎུཿ་བི་བཧུཿ་མེ་རུཿ་སུ་མེ་རུཿ་ཧེ་ཏུཿ་རི་སུ་རྣམས་དང། ཤ་ཏ་མ་བཧུཿ་ ཝ་ཡུཿ་ཛན་ཏུཿ་མ་ཡུཿ་ར་ཧུཿ་མ་རུ་ཞེས་པ་ལ་སོགས་པ་རྣམས་སོ། །ཀྲོཥྚུའི་སྒྲའི་ནི་ཁྱད་པར་དུ་སྟེ། ཀྲུ་ཤ་བོངས་ལའོ། །པིཿ་ཏེ་ནུཿ་ག་མིཿ་ན་སིཿ་ས་ཝིཿ་ཨ་ཝིཿ་དྷཱ་ཀྲུ་ཤ་རྣམས་ལ་ཏུནའོ་ཞེས་པས་ཏུན་ནོ། །སྔ་མ་ལ་མ་གྲུབ་པའི་ཞེས་པས་ཥ་ཉིད་དང་ཊུ་ཉིད་དག་གི་བསྒྲུབ་པ་ མ་ཡིན་པ་ཉིད་ལ་ཀྲུ་ཤི་རྣམས་ལས་སུན་ཏྲྀ་ཙའོ་ཞེས་པས་སུ་ཏྲ་ཕ་རོལ་ཏུ་ན་ཏྲྀ་ཙར་བསྒྱུར་རོ། །ཙ་ཡིག་དབྱངས་ཀྱི་དོན་ནོ། །བྲཤྩ་བྷྲཛ་སྲི་ཙཿ་མྲྀ་ཙཿ་ཡ་ཛཿ་རཱ་ཛཿ་བྷྲཱ་ཛ་ཤ་རྣམས་ཀྱི་ཥའོ་ཞེས་པས་ཤའི་ཥ་ཉིད་དོ། །སྟུའི་ཤྩ་དང་ཤྩ་དག་གི་དེ་དག་གོ་ཞེས་པས་ཏ་ཡིག་ གི་ཊ་ཉིད་དོ། །རིཿཊ་ཨུ་ཤ་ནས་པུ་རུ་དི་ཤ་ཞེས་པས་ཨཱཏ་ཨཱིན་སུ་ཕ་རོལ་ལ་རྀ་ཡིག་གི་ཨ་ནད་དུ་བསྒྱུར་རོ། །ད་ཡིག་ནི་དིཏ་ལའོ་ཞེས་པས་མཐའ་བསྒྱུར་བའི་དོན་ནོ། །ན་ཡིག་གི་ཨ་ཡིག་བརྗོད་པའི་དོན་ནོ། །ཀུན་ཏུ་བོད་པ་མ་ཡིན་པའི་སུ་ལའོ། །ཞེས་པས་མཐའ་ ཉེའི་རིང་པོ་ཉིད་དོ། །སུའི་འོ་ཞེས་པས་སུ་དབྱིའོ། །སུབ་ཀྱི་རང་བཞིན་གྱི་ཞེས་པས་ན་དབྱིའོ། །ཀྲོཥྜ་སུ་ལས་གཞན་ལ་སུཊ་ལ་རི་ཊའི་ཨཱཏ་དི་སུ་ཊ་ལའོ། །ཞེས་པས་རི་ཡིག་གི་ཨཱཏ་དུ་བསྒྱུར་རོ། །རྀཀ་གི་ཨཎ་ལར་ལ་དག་གོ་ཞེས་པས་རེ་ཕ་ཕ་རོལ་ལོ། །ཨ་བཧྲྀཿ་ [128B] །འོ་ན་ཏྲྀ་མཐའ་ཉིད་ཀྱི་ཕྱིར་ནཔྟ་ལ་སོགས་པ་གསུངས་པ་གྲུབ་པ་ཉིད་ལ་གང་སླར་ཡང་ནཔྟྲི་ལ་སོགས་པ་སྨོས་པ་དེས་འདི་རྣམས་ཀྱི་ཏྲི་མཐའི་མིང་ཅན་གྱི་སྒྲ་རྣམས་རིང་པོ་ཉིད་ དུ་མི་འགྱུར་རོ་ཞེ་ན། འདིར་བྱམས་པས་བསྲུངས་པས་སྨྲས་པ། བྱེ་བྲག་ཏུ་གཏོགས་པའི་ཕྱོགས་ལ་གང་ན་སྟྲི་ལ་སོགས་པ་སྨོས་པ་དེ་ནི་ངེས་པའི་དོན་དུ་གསུངས་པའོ། །དེས་ན་མིང་ཅན་གྱི་སྒྲ་རྣམས་ཨུཎ་ལ་སོགས་པ་ཅན་ཁོ་ན་ལ་འཇུག་གི་གཞན་ལ་མ་ཡིན་ ཞེས་པའོ། །འདི་ཉིད་ཀྱིས་ཨུཎ་སོགས་ཏྲྀ་ཙར་བསྒྱུར་བ་ཏྲྀ་ཏ་མཐའ་ཉིད་ཀྱི་ཕྱིར་རིང་པོ་ཉིད་འགོག་པ་མ་ཡིན་ནོ། །ཀྲོཥྚཱ་རཽཿ་ཀྲོཥྚྲ་རཱ་ཀྲོཥྚཱ་རཾ་ཀྲོཥྚཱ་རོཿ་ཀྲོཥྚཱའི་སྒྲ་ཉིད་ཏྲྀ་ཙའི་མཐའ་གྲུབ་པ་ལ་ཀྲུ་ཤི་རྣམས་ལས་ཏྲྀ་ཙའི་ཚིགས་སུ་ཊ་ལ་ཏུན་གྱི་མཐའ་སྦྱོར་བ་མི་ འཇུག་པའི་དོན་དུའོ། །ཤས་ལ་སོགས་པ་ལ་ནི་ཏུན་གྱི་མཐའ་ཡི་ཏྲྀ་ཙའི་མཐའི་སྦྱོར་བའོ། །དེ་ལ་ཏུན་མཐའ་ཡི་ཨཾ་ཤུ་བཞིན་ནོ། །ཀྲོཥྚཱན། ཀྲོཥྚུ་ནཱ། ཀྲོཥྚུ་བྷྱཱཾ། ཀྲོཥྚུ་བཧིཿ་ཞེས་པ་ལ་སོགས་པ་ལའོ། །ཏྲྀ་ཙའི་མཐའ་ནི་རྀཏ་མཐའི་སྐབས་ལ་སྟོན་པར་འགྱུར་ རོཿ་ཀུན་ཏུ་བོད་པ་ལ། ཀུན་ཏུ་བོད་པ་མ་ཡིན་པའི་སུ་ལའོ། །ཞེས་པ་རྗེས་སུ་འཇུག་བཞིན་པ་ལ། སུ་ཕ་རོལ་ལས་ཏྲྀ་ཙར་བསྒྱུར་བ་མེད་དོ། །ཧེ་ཀྲོཥྚོ་ཧེ་ཀྲོཥྚ་རོཿ་ཧེ་ཀྲོཥྚ་རཿ་བུད་མེད་ལའོ་ཞེས་པས་ཏྲྀ་ཙར་བསྒྱུར་རོ། །གཽ་ར་ལ་སོགས་པ་རྣམས་ལས་སོ་ཞེས་ པས་དའི་པའོ། །ཨིཀ་གི་ཡཎ་ཨ་ཙ་ལའོ། །ཀྲོཥྚི་ན་དའི་བཞིན་ནོ། །ཨུཏ་མཐའ་རྣམས་བརྗོད་ཟིན་ཏོ།། །།ཨཱུ་ཏ་མཐའ་རྣམས་བརྗོད་པར་བྱའོ། །སོ་སོར་འབྱུང་ངོ་ཞེས་པས་པྲ་ཏི་སྔོན་མ་ཅན་གྱི་བྷ་ཝ་ཏི་ལས་ཀྭི་པཿ་ཝི་ཙཿ་མ་ནིན་ཀྭ་ནི་པཿ་ཝ་ནི་པ་རྣམས་ སོ་ཞེས་པས་ཀྭི་པའོ། །པ་ཡིག་ནིཿ་ཏུ་ཀའི་དོན་ནོ། །ཀ་ཡིག་ནི་ཀི་ཏྲ་ཀྱི་བྱ་བའི་དོན་ནོ། །ཨཱི་ཡིག་ནི། ཨི་ཙ་མེད་པའི་ཝིའིོ། །ཞེས་པས་རྟགས་ཀྱི་དོན་ནོ། །ཝ་ཡིག་གིཿ་འདི་ཉིད་ཀྱིས་ཝ་དབྱིའོ། །ཀུ་ཀྲ་དང་པོ་དག་གི་སུ་པ་མ་ཡིན་པའི་བསྒྲུབ་ལ་བརྟག་ [129A]༄༅། །ཏུའོ་ཞེས་པས་ཚིག་བསྡུ་བའོ། །སུའི་རུ་ཉིད་དང་རྣམ་པར་གཅད་པ་དག་གོ། །པྲ་ཏི་བྷུཝརྵ་ལས་ཏྲྀན་པུ་ནཱ་ཀཱ་ར་ལས་བྷཱུ་ཡིའོ། །ཞེས་པའི་ངེས་པ་ལས་བྱེད་པ་པོ་དང་གྲངས་མེད་ལས་སུ་དཧི་མ་ཡིན་པའི་ཨིཏ་དང་ཨུ་ཡི་ཡང་སུབ་ལའོ་ཞེས་པས་ ཡ་ཎར་བསྒྱུར་བ་མི་འཇུག་གོ། །ཤྣུ་བྱིངས་བཧུ་རྣམས་ཀྱི་ཨཱི་ཨཱུ་བདག་གི་ཨི་ཡ་ཨུ་ཝ་དག་ཨཙ་ལའོ་ཞེས་པས་ཨཙ་དང་པོ་ལ་ཨུ་ཝར་བསྒྱུར་རོ། །པྲ་ཏི་བྷཱུ་ཝཽཿ་པྲ་ཏི་བཧུ་ཝཾ་པྲ་ཏི་བཧུ་ཝཾ་པྲ་ཏི་བཧུ་ཝཽཿ་པྲ་ཏི་བཧུ་ཝཿ་པྲ་ཏི་བཧུ་ཝཿ་པྲ་ཏི་བྷཱུ་བྷྱཾ་པྲ་ཏི་བྷཱུ་བཧཾ་པྲ་ཏི་བྷཱུ་ཝེ་ པྲ་ཏི་བྷཱུ་བྷྱཾ་པྲ་ཏི་བྷཱུ་བྷྱ་པྲ་ཏི་བྷཱུ་ཝཿ་པྲ་ཏི་བྷཱུ་བྷྱི་པྲ་ཏི་བྷཱུ་བྷྱ་པྲ་ཏི་བཧུ་ཝཿ་པྲ་ཏི་བཧུ་ཝོཿ་པྲ་ཏི་བཧུ་ཝཱཾ་པྲ་ཏི་བཧུ་ཝིཿ་པྲ་ཏི་བཧུ་ཝོཿ་པྲ་ཏི་བྷཱུ་ཥུཿ་ཀུན་ཏུ་བདེ་བ་ལ་ཧེ་པྲ་ཏི་བྷཱུ་ཧེ་པྲ་ཏི་བཧུ་ཝཽཿ་ཧེ་པྲ་ཏི་བྷཱུ་ཝཿ་དེ་བཞིན་ཏུ་ཀ་ཊ་དྲུ་ནཱི་འདྲེས་པ་ལ་ཤེས་པར་བྱའོ། །ཟླ་བའི་ཏྲྀ་ནི་ཏྲབྷུའོ།། མེ་ལ་དེ་བཞིན་དུ་ཧེ་རེ་ཎྱ་ཥྦའོ། །ཨཀྵཱ་དྷཱུ་དང་རྒྱན་ནོ་བྱེད་པ་ལའོ། །བྲཱ་ཧྨ་སུ་བྷཱུ་ནི་རིག་བྱེད་ལའང་ངོ། །ཁཱ་ཏ་བཧུ་ནི་གྱུར་པ་ལ་འཇུག་གོ། །ཨ་ཏི་བཧུ་ནི་འདྲེན་པ་ལ་རབ་ཏུ་བརྗོད་དོ། །དེ་བཞིན་དུ་དྲྀཥྚི་བྷཱུ་སྦལ་པ་ལའོ། །སྭ་བྷཱུ་ནི་ཁྱབ་འཇུག་དང་རྣམ་འཐོར་དག་ལའོ།། འདོད་པ་དང་ཚངས་པ་ལ་ཨཱཏ་མ་བྷཱུའོ། །བྲཱ་ཧྨ་བྷཱུ་ནི་དྲང་སྲོང་མེ་སྦྱིན་དང་འདོད་པ་ལའོ། །སྭ་ཡི་བྷཱུ་ནི་ཚངས་པ་དང་དུང་ཅན་དག་ལའོ། །ནགྣ་ཧུའི་སྒྲ་ནི་བྱེད་པ་པོ་བགྲངས་མེད་ལས་སུ་དཧི་མ་ཡིན་པའི་ཨ་དང་ཨཱུ་ཡ་འང་སུ་པ་ལའོ་ཞེས་པས་ཨ་ཙ་དང་པོ་ལ་ཡཎར་ བསྒྱུར་བ་ཁྱད་པར་རོ། །ནགྣ་ཧུཿ་ནགྣ་ཧྭོཿ་ནགྣ་ཧྭཿ་ཕ་རོལ་ཉིད་ཀྱི་ཕྱིར་ཡ་ཎར་བསྒྱུར་བའམ། སྔ་མ་ཉིད་འདོད་ཅིང་རྟགས་པར་བྱའོ། །ནགྣ་ཧྭཾ་ནགྣ་ཧཽཿ་དང་པོ་དག་གི་ཨཙ་ལའོ་ཞེས་པས་རིང་པོ་ཉིད་དོ་ས་ཕ་རོལ་ཉིད་ཀྱིས་ཡ་ཎའོ། །ནགྣ་ཧྭོཿ་ནགྣ་ཧཱ་ ནགྣ་ཧཱུ་བྷྱཱཾ་ནགྣ་ཧཱུ་བཧིཿ་ནགྣ་ཧྭེཿ་ནགྣ་ཧཱུ་བྷྱཱཾ་ནགྣ་ཧཱུ་བྷྱ་ནགྣ་ཧྭཿ་ནགྣ་ཧཱུ་བྷྱཱཾ་ནགྣ་ཧཱུ་བྷྱ་ནགྣ་ཧྭཿ་ནགྣ་ཧྭོཿ་ནགྣ་ཧྭཾ་ནགྣ་ཧྭིཿ་ནགྣ་ཧྭོཿ་ནགྣ་ཧཱུ་ཥུ། ཀུན་ཏུ་བོད་པ་ལ་ཧེ་ནགྣ་ཧཱུ་ཧེ་ནགྣ་ཧྭཽཿ་ཧེ་ནགྣ་ཧྭཽཿ་དེ་བཞིན་དུ་ཁ་ལྶཱུ་བྲཧྨ་སཱུ་ཁ་སུ་བྲཧྨ་སུཿ་ཧུ་ཧུ་ལ་སོགས་པ་ [129B] །ཁ་ལ་པཱུ་ནི་ཀོ་ལི་བགྲོད་བྱེད་པ་ལ་འགྱུར་རོ། །བྲ་ཧྨ་སཱུ་ནི་མེ་ཏོག་གི་མཚོན་ཅན་ལའོ། །ཧུ་ཧུ་ནི་དྲི་ཟའི་བྱེ་བྲག་ལ་འགྱུར་རོ། །ཆང་གི་ས་བོན་ནི། ནགྣ་ཧཱུའོ། །ཨརྵ་བཧུ་ཡི་སྒྲ་ནི་རྟགས་གཉིས་ཏེ། དྲག་པོའི་འབངས་ཀྱིས་དེ་བརྗོད་པ། བུ་ནར་ན་ཝཱ་ལ་ཝརྵ་ བྷཱུ་བུད་མེད་རྣམས་ཀྱིའོ། །ཀཉྩ་ལུ་ཀ་དང་སྦལ་པ་ལ་སྐྱེས་པའོ་ཞེས་སོ། །དེ་ལ་བུད་མེད་ལ་བུད་མེད་ཀྱི་སྐབས་སུ་སྟོན་པར་འགྱུར་རོ། །ཝརྵ་བྷུཝརྵ་ཏྲྀན་པུ་ན་ས་ཀཱ་ར་ལས་བྷཱུ་ཡིའོ། །ཞེས་པས་ཨཙ་དང་ཨཙ་དང་པོ་ལ་ཡ་ཎར་བསྒྱུར་རོ། །ཝརྵ་བཧྭཽཿ་ཝརྵ་ བཧྭཿ་ཝརྵ་བཧྭཾ་ཞེས་པ་ལ་སོགས་པ་ནགྣ་ཧཱུ་བཞིན་དྲང་བར་བྱའོ། །བྷརྱ་དང་བྷེཀའི་ཝ་རྵ་བཧུ་ལའོ་ཞེས་པས་བྷཱ་གུ་རཱི་ཡི་བསྒྲུབ་པ་ཡིན་ནོ། །དེའི་ཕྱིར་འདི་བསྟན་པ་ལ་ཀནྟ་མ་ཡིན་པ་ལ་སྐྱེས་པའི་མིང་དང་ལྡན་པ་ལས་སོ་ཞེས་པས། འདིར་ཨཱཏ་ཅེས་རྗེས་སུ་འཇུག་པ་ མ་ཡིན་ཏེ། དེས་ན་འདི་ལས་ཀྱང་དིཥཱའོ། །ཨཱུ་ཡིག་གི་མཐའ་ཅན་རྣམས་བརྗོད་ཟིན་ཏོ།། །།རྀཏ་མཐའ་ཅན་པི་ཏྲྀའི་སྒྲ་ནི་རྀཿཏ་ཨུ་ཤ་ནས་པུ་རུ་དམ་ཤས་ཞེས་པ་ལ་སོགས་པ་སུ་ཕ་རོལ་ལ་རྀ་ཡིག་གི་ཨ་ནངའོ། །ད་ཡིག་ནི་ངིཏ་ལའོ། །ཞེས་པས་མཐའ་ བསྒྱུར་བའི་དོན་ནོ། །ན་ཡིག་ཨ་ཡིག་བརྗོད་པའི་དོན་ནོ། །ཀུན་ཏུ་བོད་པ་མ་ཡིན་པའི་སུ་ལའོ་ཞེས་པས་རིང་པོ་ཉིད་དོ། །སུའི་འོ་ཞེས་པས་སུ་དབྱིའོ། །སུབ་ཀྱི་རང་བཞིན་གྱི་ན་དབྱིའོ་ཞེས་པས་ན་དབྱིའོ། །བི་ཏཱ་སུ་ལས་གཞན་པའི་སུཊ་ལ་རྀ་ཏའི་ཨཏ་ངི་སུ་ ཊ་ལའོ་ཞེས་པས་རྀ་ཡིག་གི་ཨཏ་དུ་བསྒྱུར་རོ། །རྀཀ་གི་ཨཎ་ལས་ར་ལ་དག་གོ་ཞེས་པས་རེ་ཕ་ཕ་རོལ་ཉིད་དོ། །ཨཔྟྲྀ་ལ་སོགས་པའི་མདོ་ཡིས། ཨཔྟྲྀ་ལ་སོགས་པ་སྨོས་པ་ནི། གཞན་རྣམས་ཀྱི་ཊིའི་མིང་ཅན་གྱི་སྒྲ་དེ་རྣམས་ཀྱི་རིང་པོ་ཉིད་མི་འཇུག་པའི་ དོན་དུའོ་ཞེས་པས་འདིར་རིང་པོ་ཉིད་དུ་མི་འགྱུར་རོ། །པི་ཏ་རཽ་པི་ཏ་རཿ་པི་ཏ་རམ་པི་ཏ་རཽ། དང་པོ་དག་གི་ཨཙ་ལའོ་ཞེས་པས་རིང་པོ་ཉིད་ཀྱིས་རྀ་ཡིག་དང་ཨེ་ཡིག་རཱྀ་ཡིག་གོ། །དེ་ལས་ཤས་ཀྱི་ན་སྐྱེས་པ་ལའོ། །པི་ཏྲཱྀན་འོ་ན་ཤས་ལའང་པི་ཏ་རཿ་ཏེརྦྶ་ཡཱ་ [130A]༄༅། །མའས་ཞེས་པ་ཅི་ལྟར་ཞེ་ན། རྀཏ་ཀྱི་ཨཏ་དི་སུ་ཊ་ལའོ་ཞེས་པ་འདིར། ན་ཉའི་ཡི་གེ་སྦྱོར་བའི་ལུང་གི་ཕྱོགས་ལ་འབྱུང་བར་འགྱུར་རོ། །ཨི་ཀ་གི་ཨཙ་ལ་ཡཎའོ། །པྲི་ཏྲཱ་པི་ཏྲྀ་བྷྱཱཾ་པི་ཏྲཱྀ་བཧིཿ་པི་ཏྲེཿ་པི་ཏྲྀ་བྷྱི་པི་ཏྲྀ་བྷྱ་རྀཏ་ནི་ཨུཏའོ་ཞེས་པས་ རྀ་ཡིག་གི་ང་སི་ངས་དག་གི་ཨ་ཡིག་དང་ལྷན་ཅིག་ཨུ་ཡིག་གོ། །རྀཀ་ག་ཨཎ་ལ་ར་ལ་དག་གོ་ཞེས་པས་རེ་ཕ་ཕ་རོལ་ལོ། །ར་ལས་སའི་འོ། །ཞེས་པས་ས་དབྱིའོ། །པི་ཏུཿ་པི་ཏྲྀ་བྷྱཾ་པི་ཏྲྀ་བྷྱ་པི་ཏྲེཿ་ཐུང་ངུ་ཨཱ་པ་ལས་ནུ་ཊའོ། །ནཱཾ་ལ་ཏི་སྲྀ་ཙཏ་སྲྀ་དག་མ་ ཡིན་པ་ལའོ། །ཞེས་པས་རིང་པོ་ཉིད་དོ། །ཚིག་གཅིག་ལ་ར་ཥ་ལས་ནའི་ཎའོ་ཞེས་པས་ནའི་ཎ་ཉིད་དོ། །པི་ཏྲཱི་ཎཱྀ་རཱྀཏའིཨ་ཨ་ཏའི་སུཊ་ལའོ་ཞེས་པས་རི་ཡིག་གི་ཨ་ཡིག་གོ། །རེ་ཕ་ཕ་རོལ་ལོ། །པི་ཏ་རིཿ་པི་ཏྲོཿ་ཀུ་ལས་ཀྱང་སོགས་ཀྱི་མདོ་ཡིས་སུ་པའི་ཥ་ཉིད་དོ།། བི་ཏྲྀ་ཥུཿ་ཀུན་ཏུ་བོད་པ་ལའོ། །ཀུན་ཏུ་བོད་པ་མ་ཡིན་པའི་ཞེས་པ་བཀག་པ་ལས་ཨ་ནང་མ་ཡིན་ནོ། །རྀཏའི་ཨཏ་ངི་སུཊ་ལའོ། །རེ་ཕ་ཕ་རོལ་ལོ། །ར་ལས་སའོ། །ཞེས་པས་ས་དབྱིའོ། །ཧེ་པི་ཏཿ་ཧེ་པི་ཏ་རཽཿ་ཧེ་པི་ཏ་རཿ་དེ་བཞིན་དུཿ་བྷ་ཏྲྀཿ་ཛཱ་མཱ་ཏྲྀཿ་སམ་བྱཥྚྀ་ བྱཥྚཱྀ་ལ་སོགས་པ་རྣམས་སོ། །བྷ་ཏྲྀ་ཉི་མ་ལྡན་པ་ལ་ཡང་ངོ། །ཛཱ་མ་ཏྲྀ་བུ་མོའི་བདག་པོའོ། །ས་བྷྱ་ཏྲྀཿ་འོང་འགྱེད་པ་དང་སྤྲོ་བ་དང་ལྷ་དང་ལྷ་མ་ཡིན་དང་ར་ཀ་ལྡན་པ་རྣམས་སོ། །ནྲྀ་སྒྲའི་ནིཿ་དྲུག་པའི་མང་ཚིག་ལ་ནྲྀའི་ཡང་ནའོ། །ཞེས་པས་རྣམ་པར་བརྟག་པས་རིང་ པོ་ཉིད་ཁྱད་པར་རོ། །ནྲྀ་ཎཱི་ནྲྀ་ཎཱི་པྲ་ཤསྟྲིའི་སྒྲ་ཡི་ནི་ཐམས་ཅད་དུ་པི་ཏྲྀ་བཞིན་ནོ། །འདི་ནི་ཁྱད་པར་ཏེ། རྀ་ཏའི་ཨཏ་དི་སུཊ་ལའོ་ཞེས་བྱས་པ་ལ་ཨཔྟྲྀ་ལ་སོགས་པའི་མདོས་རིང་པོ་ཉིད་དོ། །པྲཤཱསྟྲཱ་བླ་མ་བརྗོད་པ་ལ། པྲ་ཤཱསྟཱ་རཽཿ་པྲ་ཤཱསྟཱ་རཿ་པྲ་ཤཱསྟ་རམ་ པྲ་ཤཱསྟཱ་རཽཿ་པྲ་ཤསྟྲཱིན་པྲ་ཤཱསྟྲ། པྲ་ཤཱསྟྲཱྀ་བྷྱཱཾ་པྲ་ཤཱསྟྲྀ་བཏེཿ་ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་ནཔྟྲྀ་ནེཥྚྀ་ཏྭ་ཥཱི་ཀྵ་ཏྲིཿ་ཧོ་ཏྲྀཿ་ཧྲོ་ཧཱྀ་ཥྚོ་ཥྚྲྀ་ལ་སོགས་པ་རྣམས་སོ། །ལྷའི་བཟོ་པོ་ལ་ཡང་ཏཥྚི་ལོ། །ཏཥྚྲ་ཁ་ལོ་པ་དང། ཏི་མ་དག་ལ་ཀྵ་ཏྲྀ་ཏེ། ཏཱ་ [130B] ཛེ་དང། པྲ་ཏི་ཧ་རེ་དང་སཱ་ར་ཐ་དག་ལའོ། །ཀྲོཥྚི་ནི་ཅེ་སྤྱང་ལའོ། །ནཔྟྲྀ་བུའི་བུ་ལའོ། །ནཔྟྲ་པོཥྚི་ནི་དག་བྱེད་ལའོ། །པོ་ཏཱ་མཁན་པོར་གྱུར་པ་ལ་ནི་ནེཥྚྀའོ། །ནེཥྚི་ཧོ་ཏྲྀ་ནི་རིགས་བྱེད་ཀྱི་ངེས་བརྗོད་ཤེས་པ་ལའོ། །ཧོ་ཏཱ་འོ་ན་ནཔྟྲྀ་ལ་ སོགས་པ་རྣམས་ཉིད་ཀྱི་ཏྲྀ་མཐའི་མིང་ཅན་གྱི་སྒྲ་རྣམས་ཀྱི་རིང་པོ་ཉིད་དོ། །ཞེས་པའི་ངེས་པ་དེ་ལས། ཀྲོཥྚ་ར་མྲ། ཝརྟྟ་རམྲ། ཨུ་པ་ཏིཥྠ་ཏི། ཡོ་ཝ་ནེ་ན། ཞེས་པ་ལ་སོགས་པར་མི་འགྱུར་རམ་ཞེ་ན། དེ་ལ་སྔར་བརྗོད་ཟིན་པའི་ནབྟྀ་ལ་སོགས་པ་སྨོས་པས་ཨུ་ཎ་སོགས་ཁོ་ ན་ལ་ཏྲྀ་མཐའི་མིང་ཅན་གྱི་སྒྲ་འཇུག་གི་གཞན་ལ་མ་ཡིན་ནོ། །ཞེས་པའོ། །དེས་ན་བྱེད་པ་པོ་ལ་ཎུ་ལ། ཏྲྀ་ཙ་ཅེས་པས་ཏྲྀ་ཙའི་མཐའི་མིང་ཅན་གྱི་སྒྲ་རྣམས་ཀྱི་སུ་ཏ་ལ་རིང་པོ་ཉིད་དུ་འགྱུར་བ་ཁོ་ནའོ། །རྀཏ་མཐའ་རྣམས་བརྗོད་ཟིན་ཏོ།། །།རཱྀ་ལིའི་ཡི་གེའི་ མཐའ་ཅན་རྣམས་མ་གྲུབ་པོ། །ཨཻ་ཡིག་གི་མཐའ་ཅན་ར་ཡི་སྒྲ་སྟེ། བུད་མེད་དང་སྐྱེས་པ་དག་ལ་འཇུག་གོ། །གང་སྨྲ་བ་ནི་རཻ་གཉིས་ལས་ཏེ་འབྱོར་པ་དང། རང་ཤེས་དང། གསེར་དང། རི་མོ་ལས་ཏེ། ཀརྩུ་རམ་ཞེས་དྲག་པོའི་འབངས་སོ། །རྟགས་འདི་ གཉིས་ཀྱི་གཟུགས་ཀྱང་གཅིག་པ་ཁོ་ན་སྟེ། རཱ་ཡི་ཨཏ་ཌཻའི་འོ། །ཞེས་པས་ཌཻའི་རྐྱེན་ནོ། །ཏིཀ་བྱེད་པའི་ཤུགས་ལས་སུ་ལ་སོགས་པ་དང་པོ་མིན་པའི་ཡང། ཨཙ་དང་པོ་ལ་མཐའི་ཨཙ་ལ་སོགས་པ་དབྱིའོ། །ཧ་ལ་དང་པོ་ལ་རཻའི་ཧ་ལོ་ཞེས་པས་ཨཻ་ཡིག་གི་ ཨཱ་ཉིད་དོ། །སུའི་རུ་ཉིད་དང་རྣམ་པར་བཅད་པ་དག་གོ། །རཱ་རཱ་ཡཽཿ་རཱ་ཡཿ་རཱ་ཡམ་རཱ་ཡཽཿ་རཱ་ཡཿ་རཱ་ཡཱ་རཱ་བྷྱཱཾ་རཱ་བཧིཿ་རཱ་ཡེཿ་རཱ་བྷྱཱཾ་ར་བྷྱ་རཱ་ཡཿ་རཱ་བྷྱཱཾ་རཱ་བྷྱ་རཱ་ཡཿ་རཱ་ཡོཿ་རཱ་ཡཾ་རཱ་ཡིཿ་རཱ་ཡོཿ་ཨཱ་ཉིད་བྱས་པ་ན་སྔ་མ་ལས་བསྒྲུབ་པ་མིན་ཞེས་པས་ཥ་ཉིད་ བསྒྲུབ་པ་མིན་ནོ། །རཱ་སུ། ཀུན་ཏུ་བོད་པ་ལཿ་ཧེ་རཱ་ཧེ་རཱ་ཡཽཿ་ཧེ་རཱ་ཡཿ་ཨོཏ་མཐའ་ཅན་གྱི་གའི་སྒྲ་ནི་རྟགས་གཉིས་སུ་དྲག་པོའི་འབངས་ཀྱིས་སྨྲས་པ། མཐོ་རིས་འོད་ཟེར་རྡོ་རྗེ་ཕྱུགས། །སྐྱེས་པ་ཉིད་ལ་གོ་ན་འཇུག་མིག་ཕྱོགས་དག་ས་ཆུ་རྣམས་ལ།། [131A]༄༅། །བུད་མེད་མཁས་པས་ཕྱེ་བའོ། །སྐབས་གསུམ་གྱི་ལྷག་མར་ཡང་བརྗོད་པ། མཐོ་རིས་འོད་ཟེར་རྡོ་རྗེ་ཕྱུགས། །སྐྱེས་པ་ཉིད་ལ་གོ་ནི་འཇུག་སྣར་མ་མདའ་མིག་ཕྱོགས་དག་ས། །ཆུ་ལ་བུད་མེད་མང་པོར་རོ། །ཞེས་སོ། །འདིའི་ཡང་རྟགས་ གཉིས་ཀ་ལ་གཟུགས་མཚུངས་པའོ། །འགྲོ་བར་བྱེད་དོ་ཞེས་པ་ག་མི་ལས་ཌོའོ། །ཞེས་པས་ཌོའི་རྐྱེན་ནོ། །སྔ་མ་བཞིན་མཐའི་ཨ་ཙ་སོགས་དབྱིའོ། །རང་གི་དོན་ལ་གོའི་ཨཽའོ། །ཞེས་པས་སུཊ་ལ་ཨོ་ཡིག་གི་ཨཽ་ཡིག་གོ། །གཽཿ་ཨ་ཙའི་ཨ་ཡ་ཨ་ཝ་ཨཱ་ཡ་ ཨཱ་ཝ་ཞེས་པས་མཐའི་ཨ་ཙ་དང་པོ་ལ་ཨོ་ཡིག་གི་ཨཱ་ཝ་རུ་བསྒྱུར་རོ། །གཱ་ཝཽ། གཱ་ཝཿ་ཨོཏའི་ཨཱཏ་ཨམ་ཤས་དག་ལའོ་ཞེས་པས་ཨམ་དང་ཤས་ལ་ཨ་ཡིག་དག་ཨཱ་ཉིད་དོ། །གཱམ་ག་ཝོཿ་དང་པོ་དག་གི་ཨ་ཙ་ལའོ་ཞེས་པས་རིང་པོ་དང་ཤས་ཀྱི་ནི་ཉིད་མིན་ནོཿ་ གཿ་གསུམ་པ་ལ་སོགས་པའི་ཨ་ཙ་དང་པོ་ལ་ཨ་ཝར་བསྒྱུར་རོ། །ག་ཝཱ་གོ་བྷྱཱཾ་ག་བའིཿ་ག་ཝེཿ་གོ་བྷྱཱཾ་གོ་བྷྱ་ང་སི་ངས་དག་ལའོ་ཞེས་པས་ང་སི་ངས་དག་ལས་ཕ་རོལ་སྔ་མ་ཉིད་དོ། །གོཿ་གོ་བྷྱཱཾ་གོ་བྷྱ་གོཿ་ག་ཝོཿ་ག་ཝཱཾ་ག་ཝིཿ་ག་ཝིཿ་ག་ཝོཿ་ཀུ་ལས་ཀྱང་སོགས་ ཀྱི་མདོས་ཥ་ཉིད་དོ། །གོ་ཥུཿ་ཀུན་ཏུ་བོད་པ་ལའོ། །ཧེ་གཽཿ་ཧེགཱ་ཝཽཿ་ཧེ་གཱ་ཝཿ་ཨཽ་ཡིག་གི་མཐའ་ཅན་གླཽའི་སྒྲ་ནི། ཟླ་བ་སོ་སོར་སྒྲོགས་སུ་འཇུག་གོ། །ཞེས་གླཽ་དང་ཨ་དི་དག་ལས་ཌོའོ། །སྔ་མ་བཞིན་མཐའི་ཨ་ཙ་སོགས་དབྱིའོ། །སུའི་རུ་ཉིད་དང་རྣམ་པར་ བཅད་པ་དག་གོ། །གཽཿ་ཨི་ཙའི་ཨ་ཡ་ཨ་ཝ་ཨཱ་ཡ་ཨཱཝ་ཞེས་པས་ཨཙ་དང་པོ་ལ་ཨཽ་ཡིག་གི་ཨཝ་རུ་བསྒྱུར་རོ། །གླཱ་ཝཽཿ་གླཱ་ཝཿ་གླཱ་ཝཾ་གླཱ་ཝཽཿ་གླཱ་ཝཾ་གླཱ་ཝཱ་གླཱཽ་བྷྱཱཾ་གླཱཽ་བཧིཿ་གླཱ་ཝཽཿ་གླཱཽ་བྷྱཱཾ་གླཱཽ་བཧིཿ་གླཱ་ཝཽཿ་གླཱཽ་བྷྱཱཾ་གླཱཽ་བྷྱ་གླཱ་ཝཿ་གླཱཽ་བྷྱཱཾ་གླཱཽ་བྷྱ་གླཱ་ཝཿ་གླཱ་ཝོཿ་གླཱ་ཝིཿ་གླཱ་ཝིཿ་ གླཱ་ཝོཿ་ཥ་ཉིད་སྔ་མ་བཞིན་ནོ། །གླཽ་ཥུཿ་ཀུན་ཏུ་བོད་པ་ལ་ཧེ་གླཽཿ་ཧེ་གླཱཽ་ཝཽཿ་ཧེ་གླཱཽ་ཝཾ་སྐྱེས་པའི་ཨེ་ཙའི་མཐའ་ཅན་རྣམས་བརྗོད་ཟིན་ཏོ།། །།ཧལ་མཐའི་ཨཙའི་མཐའ་ཅན་ཛ་ལ་མུཙ་བྷཱུ་བྷུཛྲ་མ་རུཿཊ་ཀྲ་བཱེཏ་མྲྀག་ཨ་བི་དྷ་རྣམས་སོ། །ཨཱཏ་མན་རཱ་ཛན་ [131B] །པྲྀ་ཥ་བྲ་ཧྨ་ན་དག་གོ། །ཤཱ་ཤིན་བིཥ་དྭི་ཥཿ་ཨུ་ཤ་ནས་ཨ་ན་ཌཱ་ནཿ་མ་དཧུ་ལིཿཊ་ཀཱིཥྚེ་ཏ་ཏ་རྣམས་ཏེ། དེ་བཞིན་དུ་སུབ་ཀྱི་མཐའ་ཅན་གྱི་སྒྲ་འདི་རྣམས་འགྱུར་ཏེ། དེ་བཞིན་དུ་གཞན་དུ་བསྟན་པ་རྣམས་ཀྱང་སྟེ། དེ་ལ་ཀ་སྡེའི་མཐའ་ཅན་ རྣམས་བསྒྲུབ་པ་མེད་དོ། །ཙ་མཐའ་ཅན་ཛ་ལ་མུ་ཙཿ་ཆུ་ལས་གྲོལ་བར་བྱེད་དོ་ཙས་མུ་ཙི་ལས་ཀྭི་བཿ་ཝི་ཙཿ་མ་ནིན་ཀྭ་ནི་པཿ་ཝ་ནི་པ་རྣམས་སོ་ཞེས་པ་འདིས་ཀྭི་པའོ། །སྔ་མ་བཞིན་རྗེས་སུ་འབྲེལ་བ་དབྱིའོ། །བྱེད་པ་ཅན་ལ་མང་པོའོ་ཞེས་པས་བསྡུ་བའོ། །དོན་གཅིག་ པའོ་ཞེས་པས་སུབ་འཇིག་གོ། །དེ་ནས་སུ་སོགས་རྣམས་སོ། །སུའི་འོ་ཞེས་པས་སུ་དབྱིའོ། །ཙུའི་ཀུའོ་ཞེས་པས་ཚིག་མཐའ་ལ་དང་ཛྷ་ལ་དང་པོ་ལ་ཡང། སུཔ་ལ་ཝལ་ལ་དེ་བཞིན་ནོ་ཞེས། དེ་བཞིན་དུ་བསྟན་པ་ལས་ཙུའི་ཀུ་ཉིད་ཀྱིས་ཀ་ཉིད་དོ། །དེ་ཡི་ཛྷ་ལ་ ལི་ཛ་ཤའོ་ཞེས་པས་ཛ་ཤ་ཉིད་ཀྱིས་ག་ཉིད་དོ། །དེ་ཡིའང་རྫོགས་པ་ལ་ཡང་ནའོ་ཞེས་པས་རྫོགས་པའི་ཕྱོགས་ལ་ཙར་ཉིད་ཀྱིས་ཀ་ཉིད་དོ། །འདི་དག་གིའང་ཨཙ་མེད་པ་ལའོ་ཞེས་པས་ཕྱོགས་གཅིག་ལ་གཉིས་ཉིད་དོ། །བསྒྲུབ་པ་འདི་བཀག་པའི་མདོ་བསྟན་ པ་ངེས་པར་བཀག་པ་ཡང་དམིགས་ཀྱིས་བསལ་བས་མ་ཡིན་ནོ། །དེས་ན་སྤྱིའི་བསྒྲུབ་པ་ལས་འགལ་བ་མེད་དོ། །ཛ་ལ་མུཿཀ་ཛ་ལ་མུག་ཛ་ལ་མུཀྐ་ཛ་ལ་མུགྒ་ཛ་ལ་མུཙཽ་ཛ་ལ་མུ་ཙཿ་ཛ་ལ་མུ་ཙིཿ་ཛ་ལ་མུ་ཙཽཿ་ཛ་ལ་མུ་ཙཿ་ཛ་ལ་མུ་ཙཱ་ཛ་ལ་མུགྦྷྱཾ་ཛ་ལ་ མུགྦྷི་ཛ་ལ་མུ་ཙཿ་ཛ་ལ་མུགྦྷྱཱཾ་ཛ་ལ་མུགྦྷྱ་ཛ་ལ་མུ་ཙཿ་ཛ་ལ་མུགྦྷྱཾ་ཛ་ལ་མུགྦྷྱ་ཛ་ལ་མུ་ཙ་ཛ་ལ་མུ་ཙོཿ་ཛ་ལ་མུ་ཙཱཾ་ཛ་ལ་མུ་ཙཱི་ཛ་ལ་མུ་ཙཿ་ཀུ་ཉིད་ལ་ཛ་ཤ་ཉིད་དུ་བྱས་པ་ལའང་ཁར་ལ་ཛྷ་རའི་ཙ་རའོ། །ཞེས་པས་ཙ་ར་ཉིད་ཀྱིས་ཀ་ཉིད་དོ། །དེ་ཡི་ཤར་ ལ་ཙ་ཡའི་གཉིས་པའོ། །ཞེས་པས་སྡེ་པའི་གཉིས་པ་དག་ཡང་ནའོ། །ཀུ་ལས་ཀྱང་ཞེས་སོགས་ཀྱིས་སུ་བའི་ཥ་ཉིད་དོ། །ཛ་ལ་མུཀྵུ་ཁྵུ་ཀུན་ཏུ་བོད་པ་ལ་ཁྱད་པར་མེད་དོ། །དེ་བཞིན་དུ་ཨམྦྷོ་མུ་ཙཿ་པ་ཡོ་མུ་ཙ་ལ་སོགས་པ་རྣམས་སོ། །འདབ་ཆགས་ [132A]༄༅། །འགྲོ་བ་བརྗོད་པ་ཀྲུཉྩའི་སྒྲ་ནི། ད་དྷྲཱི་ཀཿ་ཨུཥྞིཀ་ཀྲུཉྩ་རྣམས་སོ་ཞེས་ཚིག་ཕྲད་ལས་ཀྲུཉྩ་ལས་ཀྭི་ནའོ། །རྗེས་སུ་སྣ་ལྡན་དབྱི་བའི་དངོས་འང་མིན་ནོ། །ན་ཡིག་དབྱངས་ཀྱི་དོན་ནོ། །ཀ་ཡིག་ཀིཏའི་བྱ་བའི་དོན་ནོ། །ཨི་ཡིག་ནིཿ་ཨཙ་མེད་ པའི་ཝིའིོ། །ཞེས་པས་རྟགས་ཀྱི་དོན་ནོ། །འདི་ཉིད་ཀྱིས་ཝ་དབྱིའོ། །བརྩེགས་པའི་ཚིག་གིའོ་ཞེས་ཚིག་གི་མཐའ་ལ་དང་ཝ་ལ་དང་པོ་ཡང་དེ་བཞིན་ནོ་ཞེས་བསྟན་པས་མཐའ་ཕྱེས་པར་གྱུར་པ་ན་ཀྭི་ནའོ། །ཞེས་ན་ཡིག་གི་ང་ཡིག་གོ་ཀྲུང། ཨཙ་དང་པོ་ལ་ཛྷལ་ལ་ མཐའ་མིན་པའི་ནའིའང་ངོ་ཞེས་པས་ན་ཡིག་རྗེས་སུ་ང་རོའོ། །ཡ་ཡ་ལ་རྗེས་སུ་ང་རོའི་ཡ་མའོ་ཞེས་པས་ན་ཡིག་གི་ཉ་ཡིག་གོ། །ཀྲུཉྩཽ་ཀྲུཉྩ་ཀྲུཉྩ་མཿ་ཀྲུཉྩཽ་ཀྲུཉྩ་ཀྲུཉྩཱ་ཀྲུང་བྷྱཱཾ་ཀྲུང་བཧིཿ་ཞེས་པ་ལ་སོགས་པ་རྣམས་སོ། །སུཔ་ལ་ཎ་དག་གི་ཀུ་ཀ་ ཊུཀ་དག་ཤར་ལའོ། །ཞེས་པས་ཀུ་ཀ་ཨཱ་ག་མ་ཡང་ནའོ། །ཀ་ཡིག་ནི་ཊ་ཀིཏ་དག་དང་པོ་ཐ་མ་དག་གོ། །ཞེས་པས་རྟགས་ཀྱི་དོན་ནོ། །ཨུ་ཡིག་ནི་བརྗོད་པའི་དོན་ནོ། །ཀུ་ལས་ཀྱང་ཞེས་པ་ལ་སོགས་པས་ཥ་ཉིད་དོ། །ཀྲུང་ཀྵུ་ཀྲུངྶུ་བུད་མེད་ལ་ཨཙ་ ལ་སོགས་པ་དང་ཨཏ་ལས་སོ་ཞེས་པས་ཌཱ་བའོ། །ཀྲུཉྩཱ་ཛཱ་ཡ་བཞིན་ནོ། །ཙ་མཐའ་ཅན་རྣམས་བརྗོད་ཟིན་ནོ།། །།ཚའི་མཐའ་ཅན་གྲུབ་པ་མེད་དོ། །ཛའི་མཐའ་ཅན་བྩཱུ་བཧུ་ཛའི་སྒྲ་ནིཿ་ས་གཞི་ལ་སྤྱོད་པར་བྱེད་དོ་ཞེས་བྷཱུ་ཛ་ལ་ཀྭིས་པ་སོགས་སྔར་བཞིན་ནོ།། སུ་ལ་སོགས་པ་རྣམས་སོ། །དེ་ལ་ཛ་ལ་མུ་ཙའི་སྒྲ་བཞིན་བྱའོ། །ཀུ་ཉིད་ཀྱིས་ཛའི་ག་ཉིད་ནི་ཁྱད་པར་རོ། །བྷཱུ་བཧུ་ཀཿ་བྷཱུ་བྷུག་བྷཱུ་བྷུཀྐ་བྷཱུ་བྷུགྒ་བྷཱུ་བཧུ་ཛཽཿ་བྷཱུ་བཧུ་ཛཿ་བྷཱུ་བཧུ་ཛན་བྷཱུ་བཧུ་ཛོཿ་བྷཱུ་བཧུ་ཛཿ་བྷཱུ་བཧུ་ཛཿ་བྷཱུ་བཧུ་གྦྷྱཱཾ་བྷཱུ་བཧུ་བཧིཿ་ཞེས་པ་ལ་སོགས་ པ་རྣམས་སོ། །དེ་བཞིན་དུཿ་ཧུ་ཏ་བཧུ་ཛཿ་བ་ལི་བཧུ་ཛཿ་ཀྲ་ཏུ་བཧུ་ཛཿ་ཨ་ཁུ་བཧུ་ཛཿ་ཝ་ཎི་བཧུ་ཛཿ་བཧི་བཧུ་ཛཿ་བིཥ་བུཙ་ལ་སོགས་པ་རྣམས་སོ། །བི་ཤྭཿ་སྲྀཛྷཱའི་སྒྲ་ནི། བྲཤྩ་ལ་སོགས་པ་ཉིད་ལས་ཥ་ཉིད་ཐོབ་པ་ལས། ནྱངྐུ་ལ་སོགས་པ་རྣམས་སོ་ཞེས་པའི་ཚིག་ཕྲད་ [132B] །དེ་ཡི་ཛ་ཤ་ཉིད་ལ་སོགས་པ་ཛ་ལ་མུཙའི་སྒྲ་བཞིན་ནོ། །བི་ཤྭ་སྲྀཀྲ་བི་ཤྭ་སྲྀག་བི་ཤྭ་སྲྀཀྐ་བི་ཤྭ་སྲིགྒ་ཚིག་ཕྲད་ཀྱི་ཁྱད་པར་ལ་བི་ཤ་ཡམ་ཞེས་པས་ཨཙ་དང་པོ་ལ་ཀུ་ཉིད་ཡིན་ནོ། །བི་ཤྭ་སྲྀ་ཛིཿ་ཞེས་པ་ལ་སོགས་པའོ། །ཁ་ཅིག་ཏུཿ་སཱ་ རཱ་ཛའི་སྒྲ་བཞིན་འདི་ཡི་གཟུགས་འདོད་དོ། །དེ་བཞིན་དུ་པྲ་ཛཿ་སྲྀ་ཛ་ལ་སོགས་པ་རྣམས་སོ། །རྀ་ཏྭི་ཛའི་སྒྲ་ནི་བྱེ་བྲག་ཏུ་སྟེ། དུས་སུ་འགྲོ་བར་བྱེད་རྀ་ཏྭི་ཀ་རྣམས་ལས་ཚའོ་ཞེས་ཚིག་ཕྲད་ལས་ཡཉྫ་ལས་ཀིནའོ། །དེའི་དབྱེ་བ་སྔ་མ་བཞིན་ནོ། །བྱེད་པ་ཅན་ལ་མང་པོར་ རོ་ཞེས་པས་བསྡུ་བའོ། །དོན་གཅིག་ཉིད་ཅེས་པས་སུབ་འཛིག་གོ། །དེ་རྣམས་ཀྱི་ཀིཏ་ལའོ་ཞེས་པས་ཡཎ་ཨི་ཀའོ། །ཡཎ་ཨིཀ་གི་ཞེས་པས་ཨ་ཡིག་སྔ་མའི་གཟུགས་ཉིད་དོ། །ཨིཀ་གི་ཡཎ་ཨཙ་ལའོ། །ཞེས་པས་ཡ་ཎར་བསྒྱུར་རོ། །སུ་ལ་སོགས་པ་ རྣམས་སོ། །སུའིོ་ཞེས་པས་སུ་དབྱིའོ། །ཀྭི་ནའི་ཞེས་པས་ཚིག་མཐའི་དང་ཐལ་དང་པོ་ལ་ཛའི་ཀུ་ཉིད་ཀྱིས་ག་ཉིད་དོ། །དེ་ཡི་ཙར་ཉིད་ལ་སོགས་པ་སྔ་མ་བཞིན་ནོ། །རྀ་ཏྭི་ཀཿ་རྀ་ཏྭི་གཿ་ཅེས་པ་ལ་སོགས་པའོ། །སཱ་རཱ་ཛའི་སྒྲ་ཡི་ནི། བྲ་ཤྩ་བྷྲརྫ་སྲྀཛ་མྲྀཛ་ཡཛ་རཱཛ་ བྷྲཛ་རྣམས་ཀྱི་ཥའོ། །ཞེས་པས་ཛ་ཡིག་གིཿ་ཚིག་མཐའ་དང་ཝ་ལ་དང་པོ་ལའང་དེ་བཞིན་དུ་བསྟན་པ་ལས་ཥ་ཉིད་དོ། །དེས་ཛྷ་ལའི་ཛ་ཤའོ་ཞེས་པས་ཌ་ཡིག་གོ། །དེ་ཡིའང། རྫོགས་པ་ལ་ཡང་ནའོ་ཞེས་པས་རྫོགས་པ་ལ་ཊ་ཡིག་ཡང་ནའོ། །སུ་རཱ་ཊཿ་སུ་རཱ་ཌཿ་སུ་རཱ་ཛོཿ་སུ་ རཱཛ་སུ་རཱ་ཛམ་སུ་ར་ཛཿ་སུ་ར་ཛཿ་སུ་རཱད་བྷྱཱཾ་སུ་རཱད་བཧིཿ་སུ་རཱ་ཛྲེ་སུ་རཱད་བྷྱཱཾ་སུ་རཱད་བྷྱ་སུ་རཱ་ཛཿ་སུ་རད་བྷྱཱཾ་སུ་རཱད་བྷྱ་སུ་རཱ་ཛཿ་སུ་རཱ་ཛོཿ་སུ་རཱ་ཛམ་སུ་རཱ་ཛིཿ་ཥ་ཉིད་དང་ཛ་ཤ་ཉིད་ཀྱང་བྱས་པས་ཌ་ལས་པའི་དཧུ་ཊ་ཞེས་པས་ས་ཡིག་གིཿ་དཧུ་ཊ་ཨཱ་ག་མ་ཡང་ནའོ། །ཀ་ ཡིག་ནི། ཊ་ཀིཏ་དག་དང་པོ་དང་མཐའ་ལའོ་ཞེས་པས་རྟགས་ཀྱི་དོན་ནོ། །ཨུ་ཡིག་ནི་བརྗོད་པའི་དོན་ནོ། །ཛྷ་ལའི་ཛ་ཤའོ་ཞེས་པས་དྷ་ཡིག་གི་ད་ཡིག་གོ། །ཁར་ལ་ཛྷལའི་ཙརའོ་ཞེས་པས་ད་ཡིག་གི་ཏ་ཡིག་གོ། །ཏ་ཡིག་དག་གིའང་ཊ་ཡིག་དག་གོ། །སཱ་རཱ་ཊྶུ་པྲཱ་རཱཌྶུ་ [133A]༄༅། །རིགས་ལ་འདོད་པའི་བྱེད་པ་ལས་མཚན་ཉིད་རབ་ཏུ་འཇུག་གོ་ཞེས་པས་ཊ་ཉིད་ལ་སུཔ་ལས་ཥ་ཉིད་ཀྱི་དངོས་པོ་མ་ཡིན་ནོ། །ཙམའི་ཤར་ལ་གཉིས་པའོ་ཞེས་པས་ས་ཡིག་ལ་སྡེ་པའི་གཉིས་པ་ཡང་ནའོ། །སཱ་རཱཊྶུ་སཱ་ར་ཐྶུ་དེ་བཞིན་དུ་ཝི་རཱ་ཛཱ་དང་ དེ་ཝ་རཱ་ཛཱ་དང། ཡཀྵ་རཱ་ཛ་ལ་སོགས་པ་རྣམས་སོ། །པ་རི་པྲརྫ་ཥ་ལས་ཀྱང་ཚིག་མཐའ་ལ་ཞེས་ཨུཎ་སོགས་ཅན་ལ་པ་རི་སྔོན་མ་ཅན་གྱི་བྲརྫི་ལས་ཀྭི་བའོ། །ཚིག་མཐའ་ལ་རིང་པོ་དང་ཥ་ཡིག་གི་མཐའ་ཅན་འང་སྟེ། ཥ་ཡིག་གི་སྔོན་མ་བཞིན་ཛ་ཤ་དང་ཙར་ཉིད་ དག་གོ། །པ་རི་བྲཱཊ་བྲ་རི་བྲཿཌ་པྲཱ་རི་པྲ་ཛཽཿ་པ་རི་པྲཱ་ཛཿ་པ་རི་པྲཱ་ཛཱམ་པ་རི་བྲཱ་ཛཽཿ་པ་རི་བྲཱ་ཛཿ་པ་རི་བྲཱ་ཛཱ་དེ་བཞིན་ནོ་ཞེས་བསྟན་པ་ལས་ཝལ་དང་པོ་ལའང་སུཔ་ལ་ཥ་ཉིད་དང། ཌ་ཉིད་དག་གོ། །པ་རི་བྲཱ་ཌྦྷྱཾ་པ་རི་བྲཌྦྷི་ཞེས་པ་ལ་སོགས་པ་རྣམས་སོ། །སུཔ་ལ་ སྔོན་མ་བཞིན་དཧུ་ཊ་ལ་སོགས་པའོ། །པ་རི་བྲཱཊྶུ་བ་རི་བྲཱཊྶུ་ཛྷེ་མཐའ་དང་ཉ་མཐའ་ཅན་དང་ཊ་སྡེའི་མཐའ་ཅན་རྣམས་ཀྱང་རབ་ཏུ་གྲུབ་པ་མེད་དོ། །ཏ་མཐའ་ཅན་མ་རུཏ་ཀྱི་སྒྲ་སྟེ། ཏ་ཡིག་གི་ཚིག་མཐའ་ལ་དང་ཝལ་དང་པོའི་འང་ཛྷལ་གྱི་ཛ་ཤའོ་ཞེས་པས་ད་ཡིག་གོ། ། དེ་ཡི་རྫོགས་པ་ལས་ཡང་ནའོ། །ཞེས་པས་རྫོགས་པ་ལ་ཏ་ཡིག་ཡང་ནའོ། །མ་རུཏ་མ་རུད་མ་རུ་ཏཽཿ་མ་རུ་ཏཿ་མ་རུ་ཏཾ་མ་རུ་ཏཽཿ་མ་རུཏ་མ་རུ་ཏྲཿ་མ་རུཌྦྷྱཱཾ་མ་རུཌྦྷི་ཞེས་པ་ལ་སོགས་པའོ། །སུབ་ལ་ད་ཡིག་གི་ཙར་ཉིད་ཀྱིས་ཏ་ཡིག་གོ། །དེ་ཡི་ཤར་ ལ་ཙ་ཡའི་གཉིས་པའོ། །ཞེས་པས་སྡེ་པའི་གཉིས་པ་ཡང་ནའོ། །མ་རུཏྶུ་མ་རུ་ཐྶུ་དེ་བཞིན་དུ་བི་ཡཤྩི་ཏཿ་ནཱི་བྲྀཏ་ས་ནཏ་ཏ་ནུ་ན་པཏ་པ་ར་བྷྲྀཏ་མཱ་ར་ཛིཏ་ཏཱ་ར་ཀ་ཛི་ཏཿ་པཱ་དྲྀཀྵཏ་ལོ་ཧ་ཀྲྀ་ཏཿ་ཤཱ་ཤི་བྷྲྀཏ་ཤཱུ་ལ་བྷྲྀཏ་ཀྵོ་ཎི་བཧྲྀ་ཏཿ་ཀཻ་ཊ་བྷ་ཛིཏ་ལ་སོགས་པ་རྣམས་ སོ༑ །ཧ་ནཱུ་མ་ཚའི་སྒྲའི་ནི་ཀུན་ཏུ་བོད་པ་མ་ཡིན་པའི་སུ་ཕ་རོལ་ལས་ཨ་ཉིད་དོ། །སུ་ཡི་ཞེས་པས་རིང་པོ་ཉིད་དོ། །སྐྱེས་པའི་སུཊ་ལ་ཨུ་གི་ཏ་ཅེས་པས་སུཊ་ཕ་རོལ་ལ་མཐའ་ལ་སོགས་པ་རྣམས་ལས་ཕ་རོལ་ཏུ་ནུ་མ་ཨཱ་ག་མའོ། །སུ་ཡི་ཞེས་པས་སུ་དབྱིའོ། ། [133B] །ཞེས་པས་རྗེས་སུ་ང་རོའི་སྔ་མ་ལ་པ་མ་གྲུབ་པ་ཉིད་ལས་བརྩེགས་པའི་ཚིག་གི་ཞེས་པས་ཏ་དབྱིའོ། །ཧ་ནུ་མན་སུ་ལས་གཞན་པའི་སུཊ་ལ་ཛྷལ་ལ་མཐའ་མ་ཡིན་པའི་ནའི་འང་ངོ་ཞེས་པས་ན་ཡིག་གི་རྗེས་སུ་ང་རོའོ། །ཡ་ཡ་ལ་ རྗེས་སུ་རོའི་ཡ་མའོ་ཞེས་པས་དེའི་ནི་ཡིག་གོ། །ཧ་ནཱུ་མནྟཽ་ཧ་ནཱུ་མནྟ་ཧ་ནཱུ་མནྟཾ་ཧ་ནཱུ་མནྟཽ་ལྷག་མ་ནི་མ་རུཏ་ཀྱི་སྒྲ་བཞིན་ནོ། །ཧ་ནཱུ་མ་ཏཿ་ཧ་ནཱུ་མ་ཏཱ་ཧ་ནཱུ་མཌྦྷྱཱཾ་ཧ་ནཱུ་མཌྷི་ཞེས་པ་ལ་སོགས་པའོ། །ཀུན་ཏུ་བོད་པ་ལ། ཧེ་ཧ་ནཱུ་མན་ཧེ་ཧ་ནཱུ་མནྟཽ་ཧེ་ཧ་ནཱུ་མནྟ་ དེ་བཞིན་དུ་མ་རུ་ཏཏ་མ་རུཏྨཏ་ཨུ་དནྭཏ་ཤི་རུ་ཏཏ་ཨ་པཱི་ཝ་ཏཿ་ཙཀྲི་ཝཏ་ཀཀྵི་ཝད་ལ་སོགས་པ་རྣམས་སོ། །ཐ་མཐའ་ཅན་རྣམས་ནི་རབ་ཏུ་གྲུབ་པ་མེད་དོ། །མཐའ་ཅན་ཀྲ་ཝྱ་ད་ཀྱི་སྒྲ་ནི་ཤ་ཟ་བར་བྱེད་དོ་ཞེས་ཨཱ་དི་ལས་ཀྭི་པ་ལ་སོགས་སྔ་མ་བཞིན་ནོ། །ཚིག་ མཐའ་ལ་དང་ཝལ་དང་པོ་ལའང་མ་རུ་ཏའི་སྒྲ་བཞིན་བྱའོ། །ཨ་ཙ་དང་པོ་ལ་ཁྱད་པར་མེད་དོ། །ཀྲ་ཝྱཱད་ཀྲ་ཝྱཱད་ཀྲ་ཝྱཱ་ཏཽཿ་ཀྲ་བྱཱ་དཿ་ཞེས་པ་ལ་སོགས་པའོ། །དེ་བཞིན་དུ། དེ་ཝི་ཥཿཏ་མ་དཧུ་བཧིཿཏ་ར་དྷཱ་བྷིད་ཨུད་བྷིད་བེ་ད་བྷིད་སུ་ཧྲྀད་དུར་ཧྲྀད་ལ་སོགས་པ་ རྣམས་སོ། །དྷཱ་མཐའ་ཅན་མྲཱྀག་བི་དཧའི་སྒྲ་ནི་རི་དགས་རྣམས་ལ་གནོད་པ་བྱེད་དོ་ཞེས་པས་ཀིཔ་སོགས་སྔ་མ་བཞིན་ནོ། །དེ་རྣམས་ཀྱི་ཀིཏ་ལའོ་ཞེས་པས་ཡ་ཎའི་ཨིཀ་གོ། །ཡཎ་ཨིཀ་གིའོ་ཞེས་པས་ཨ་ཡིག་ཕ་རོལ་གྱི་གཟུགས་ཉིད་དོ། །ན་ཧི་བྲཏྟི་བྲྀ་ཥིཿ་ བྱཱ་དཧིཿ་རུ་ཙིཿ་ས་ཧི་ཏཿ་ཏ་ནི་རྣམས་ལ་ཀྭི་པའོ། །ཞེས་པས་སྔ་མའི་ཚིག་གི་རིང་པོ་ཉིད་དོ། །ཚིག་མཐའ་ལ་དང་ཝལ་དང་པོ་ལའང་མ་རུཏའི་སྒྲ་བཞིན་བྱའོ། །ཨཙ་དང་པོ་ལ་ཁྱབ་པར་མེད་དོ། །མྲྀ་གཱ་བིཏ་མྲྀ་གཱ་བྀད་མྲྀ་གཱ་བིདྷཽ་མྲྀ་གཱ་བི་དྷ་མྲྀ་གཱ་བི་དྷཱཾ་ མྲྀ་གཱ་བིདྷོ་མྲྀ་གཱ་བི་དྷཱ་མྲྀ་གཱ་བི་དྷཱ་མྲྀ་གཱ་བིདྷྱཱཾ་མྲྀ་གཱ་བིདྦྷི་ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་སཱ་བི་དྷཱ་ལ་སོགས་པ་རྣམས་སོ། །ན་མཐའ་ཅན་ཨཱཏ་མ་ནའི་སྒྲ་ནིཿ་སམྦུཌྷི་མ་ཡིན་པའི་སུ་ལའོ། །ཞེས་པས་སུ་ལ་རིང་པོ་ཉིད་དོ། །སུའིོ་ཞེས་པས་སུ་དབྱིའོ། ། [134A]༄༅། །སུ་པ་ཀྱི་རང་བཞིན་གྱི་ནའི་དབྱིའོ། །ཞེས་པས་ན་དབྱིའོ། །ཨཱཏ་མཱ་སུ་ལས་གཞན་པའི་སུཊ་ལ་ཤི་སུཊ་ལའོ། །ཞེས་པས་རིང་པོ་ཉིད་དོ། །ཨཱཏྨཱ་ནཽཿ་ཨཱཏྨ་ནཱ་ཨཱཏྨཱ་ནཾ་ཨཱཏྨཱ་ནཽཿ་བརྩེགས་པ་ལས་བཾ་ལས་མིན་ནོ། །ཞེས་པས་བཀག་པ་ལས་ཨ་ནའི་ ཨཏ་དབྱིའོ་ཞེས་པས་ཨཏ་དབྱི་བར་མི་འགྱུར་རོ། །ཨཱདྨ་ནཿ་ཨཱཏྨ་ནཱ་སུཔ་ལ་ཝ་ལ་ལ་དེ་བཞིན་ནོ། །ཞེས་པས་དེ་བཞིན་་ཞེས་བསྟན་པ་ལས་སུ་པའི་རང་བཞིན་གྱི་ན་དབྱིའོ། །ཞེས་པས་ན་དབྱིའོ། །སུབ་ལ་ན་ཕྱིས་པའི་ཞེས་པས་ན་ཕྱིས་པའི་བསྒྲུབ་པ་མ་ཡིན་པ་ཉིད་ཀྱི་ ཕྱིར་ཨཱ་ཉིད་དང། ཨཻ་ཉིད་དང། ཨེ་ཉིད་དུའང་མི་འགྱུར་རོ། །ཨཱདྨ་བྷྱཱཾ་ཨཱདྨ་བཧིཿ་ཨདྨ་ནེཿ་ཨཱདྨ་བྷྱཱཾ་ཨཱདྨ་བྷྱ་ཨཱདྨཱ་ནཿ་ཨཱདྨ་བྷྱཱཾ་ཨཱདྨ་བྷྱ་ཨཱདྨ་ནཿ་ཨཱདྨ་ནོཿ་ཨཱདྨ་ནཱཾ་ཨཱདྨ་ནིཿ་ཨཱདྨ་ནོཿ་ཨཱདྨ་སུཿ་ཀུན་ཏུ་བོད་པ་མ་ཡིན་པའི་སུ་ལའོ། །ཞེས་པའི་ངེས་པ་ལས་ཀུན་ཏུ་ བོད་པའི་སུ་ཕ་རོལ་ལ་རིང་པོ་ཉིད་མ་ཡིན་ནོ། །ཀུན་ཏུ་བོད་པ་མ་ཡིན་པ་ཞེས་པས་ན་དབྱི་བ་བཀག་གོ། །ཧེ་ཨཱཏྨ་ནཿ་ཧེ་ཨཱཏྨ་ནཽཿ་ཧེ་ཨཱཏྨ་ནཿ་དེ་བཞིན་དུ། ཨ་དྷཱན་ཨ་སྨན་དྷ་ནུན་ཡཱ་མན་ལ་སོགས་པ་རྣམས་སོ། །བྲ་ཧྨ་ནའི་སྒྲ་ཡི་ནི་ཚིག་གཅིག་ལས་ར་ཥ་ ལས་ནའི་ཎའོ། །ཞེས་པས་ནའི་ཎ་ཉིད་ཁྱད་པར་རོ། །བྲ་ཧྨཱ་བྲ་ཧྨ་ཎཽཿ་བྲ་ཧྨ་ཎཿ་ཞེས་པ་ལ་སོགས་པའོ། །དེ་བཞིན་དུ་མྲྀཥྨན་ཙ་པཀྵྨན་རཱ་ཛན་བཀྵྨན་ལ་སོགས་པ་རྣམས་སོ། །བེ་མ་ནའི་སྒྲ་ཡང་ཨཱཏྨན་བཞིན་ནོ། །བེ་མཱ་བེ་མཱ་ནཽཿ་བེ་མཱ་ནཿ་བེ་མཱ་ནོཿ་བེ་མ་ནཽཿ་ ཤས་ལ་སོགས་པ་ཨཙ་དང་པོ་ཅན་ནི། །ཨནའི་ཨཏ་དབྱིའོ། །ཞེས་པས་ཨཏ་དབྱིའོ། །བེམྣ་བེམ་ནཱ་བམྦྷྱཱ་བམྦྷི་